འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་དོན་འདི་ཞི་བདེ་དང་འགལ་ཡོད་ཟེར། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་28ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་26ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏི་ཡཱ་ལི་ཁེས་གསར་འགོད་པའི་ཚོགས་འདུའི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་》ལ་གཞིགས་ནས། ཡུག་རེན་དུ་“དྲང་གཞག་དང་ཞི་བདེ་”འཛུགས་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་མོད། འོན་ཀྱང་ད་ལྟ་བྱུང་བའི་བྱ་བ་དེ་དང་རྦད་དེ་རྒྱབ་འགལ་ཏུ་སོང་ཡོད་ཅེས་བཤད་པ་རེད། ཏི་ཡཱ་ལི་ཁེ་ཡིས་བསྟན་དོན། ཡུག་རེན་མི་དམངས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་ཞན་པའི་གནས་ཚུལ་ཐོན་ཡོད།  
     ཉེ་དུས་ཨ་རི་དང་འཇར་མན་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་ཡུག་རེན་ལ་འཐབ་གཙོའི་ཐན་ཁེ་སྐྱེལ་འདྲེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཨུ་རུ་སུ་ཕྱོགས་ཀྱིས་ནུབ་ཕྱོགས་ཀྱི་“ཉེན་ཁའི་བྱ་སྤྱོད་”དེ་ནི་ཨུ་རུ་སུ་ཕྱོགས་ལ་སྔར་བས་འཁྲུག་རྐྱེན་སློང་བ་ཞིག་ཡིན་ལ། དེའི་དབང་གིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བཤད་པ་རེད།