འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཇིགས་སྐུལ་དོན་རྐྱེན་འདི་ལ་རྒོལ་གཏམ་དྲག་པོ་བཏང་། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་28ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་མགྲིན་ཚབ་པ་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས། ཅེ་རུས་ས་ལེམ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཞིག་ཏུ་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་བྱུང་བར་ཁ་རྡུང་དྲག་པོ་བཏང་བ་རེད། གནས་འཕྲིན་སྤེལ་བར་གཞིགས་ན། འཇབ་རྒོལ་དེའི་རྐྱེན་པས་ཉུང་མཐར་ཡང་མི་8རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་10ལ་རྨས་སྐྱོན་ཕོག་ཡོད་པ་རེད། 
     གནོད་འཚེ་ཕོག་མཁན་གྱི་ནང་མིར་ཀུའུ་ཐེ་ལེ་སིས་མྱ་ངན་ཞུས་པ་དང་འབྲེལ། རྨས་མ་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས་ཕྱོགས་ཁག་ནས་ཚོད་འཛིན་གང་ཐུབ་རྒྱུན་འཁྱོངས་དགོས་པའི་འབོད་སྐུལ་གནང་བ་རེད།