འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཛིན་རྒྱ་དམར་པོ་བཏང་བའི་མི་འདི་བཟུང་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་18ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཀྲུང་དབྱང་བྲོས་འདེད་གཞུང་ལས་ཁང་གི་མཛུབ་ཁྲིད་ནུས་ལྡན་དང་ཡུན་ནན་ཞིང་ཆེན་བྲོས་འདེད་གཞུང་ལས་ཁང་གི་སྤྱི་འདོམས་མཐུན་སྦྱོར་འོག ཁུན་རྨིན་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མིང་བསྒྱུར་ནས་ལོ་26རིང་བྲོས་བྱོལ་དུ་སོང་བའི་“འཛིན་རྒྱ་དམར་པོ་བཏང་བའི་”ཝང་ཧན་རྨིན་སི་ཁྲོན་ཁྲེང་ཏུའུ་རུ་བཟུང་ནས་ཁྲིམས་ལ་སྦྱར་བ་རེད།
     ཝང་ཧན་རྨིན། ཕོ། 1960ལོའི་ཟླ་6པར་སྐྱེས། ཁུན་རྨིན་ཐ་མག་བཟོ་གྲྭའི་དེ་སྔའི་ཕྱིར་ཚོང་ཅིང་ལི་ཡིན་ཞིང་། ལྐོག་ཟའི་བྱས་ཉེས་ཀྱི་དོགས་གཞི་ཡོད། 1996ལོར་ནག་ཉེས་ལ་སྐྲག་ནས་བྲོས་བྱོལ་དུ་སོང་། 1999ལོའི་ཟླ་6པར། གྱོད་དོན་ཐག་གཅོད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་བརྒྱུད་དེ་འཛིན་རྒྱ་དམར་པོ་ཁྱབ་བསྒྲགས་བྱས། ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་བྲོས་འདེད་གཞུང་ལས་ཁང་གིས་གྱོད་གཞི་དེ་གཙོ་གནད་ཐག་གཅོད་ཀྱི་གྱོད་གཞིའི་གྲས་སུ་བཞག་པ་དང་། ཁུན་རྨིན་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་མཉམ་དུ་འགག་གནད་ལས་སྒྲོལ་བས། ཝང་ཧན་རྨིན་གྱིས་ཐོབ་ཐང་བརྗེ་སྒྱུར་བྱས་རྗེས་རྒྱལ་ནང་དུ་ཡིབས་པའི་ཁུངས་སྣེ་གལ་ཆེན་མཐའ་མཇུག་ཏུ་ཤེས་རྟོགས་ཐུབ་ནས། བདེ་བླག་ངང་བཟུང་ནས་ཁྲིམས་ལ་སྦྱར་བ་རེད། 
     ཡུན་ནན་ཞིང་ཆེན་བྲོས་འདེད་གཞུང་ལས་ཁང་གི་འགན་འཁུར་བས་བཤད་དོན། ཝང་ཧན་རྨིན་བྲོས་བྱོལ་དུ་སོང་ནས་ལོ་26སོང་རྗེས་བཟུང་ནས་ཁྲིམས་ལ་སྦྱར་བ་དེ་ནི། ཞིང་ཆེན་དེ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བྲོས་བྱོལ་སྔོན་འགོག་དང་བརྐུས་ནོར་འདེད་ལེན་གྱི་ལམ་སྲོལ་གཅིག་གྱུར་ཐོག་བཙུགས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ཕྱིས་སུ། ཀྲུང་དབྱང་སྒྲིག་ཨུ་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས། བཟོད་སྒོམ་སྤུ་ཙམ་མི་བྱེད་པ་དང་། ཟིལ་གནོན་ལ་འགྱུར་ལྡོག་མི་གཏོང་བ། བཙན་གནོན་ཆད་གཅོད་ཀྱི་སྟོབས་ཤུགས་རྒྱུན་དུ་གནས་པ་བཅས་མཐའ་འཁྱོངས་དང་། བྲོས་བྱོལ་དུ་ཕྱིན་ཚེ་རྗེས་འདེད་གཏོང་བ་དང་བདའ་འདེད་མཐའ་གཅིག་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། རུལ་སུངས་བ་རྒྱ་ཡན་དུ་གཏན་ནས་གཏོང་རྒྱུ་མིན།