འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཉིས་བསྐོ་གཞག་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་10ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བསྐོ་འཐེན་མིང་ཐོ།
     (2023ལོའི་ཟླ་1ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་བཞི་པའི་ཐོག་གྲོས་འཆམ་བྱུང་།)
     གོ་གནས་ཕྱིར་འཐེན་གཏན་འབེབས་བྱས་དོན།
     བསོད་ནམས་ཉི་མའི་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་། 
     འཕྲིན་ལས་དབང་རྒྱལ་གྱི་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གི་ཐིང་ཀྲང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུ།
     ཁྲེན་ཧྥན་ཡན་གྱི་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུ།
     སྐལ་བཟང་གི་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུ།
     འཇིགས་མེད་དབང་མཚོ་ཡི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུ་རེད། 
     གོ་གནས་བསྐོ་གཞག་གཏན་འབེབས་བྱས་དོན།
     ཝེ་ཞིའུ་ཁྲང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱ་རྒྱུ་དང་།
     ཞུས་ཀྲི་ཐའོ་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱ་རྒྱུ་རེད། 
     བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བསྐོ་འཐེན་མིང་ཐོ།
     (2023ལོའི་ཟླ་1ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་བཞི་པའི་ཐོག་གྲོས་འཆམ་བྱུང་།)
     གོ་གནས་ཕྱིར་འཐེན་ཐད།
     མིག་དམར་ཚེ་རིང་གི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་དང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་པ་བཅས་ཀྱི་གོ་གནས་ཕྱིར་འཐེན་བྱ་རྒྱུ། 
     གོ་གནས་བསྐོ་གཞག་གི་ཆོག་མཆན་བཀོད་དོན།
     ཚེ་རིང་རྡོ་རྗེ་ནི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལ་བསྐོ་གཞག་བྱ་རྒྱུ།