འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དེ་རིང་ནས་བཟུང་སྒོ་འབྱེད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་06ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་རྣམ་པར་ཞུ་རྒྱུར། 2023ལོའི་ཟླ་1ཚེས་6ཉིན། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་་ཕྱི་ཕྱོགས་སུ་སླར་ཡང་སྒོ་འབྱེད་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱེད་རྒྱུ་གཤམ་གསལ།
     གཅིག ལྟ་སྐོར་བྱེད་སྐབས་དྲ་ཐོག་དང་ཡུལ་དངོས་སུ་མིང་ངོ་མ་བཀོད་ནས་སྔོན་ལ་མངག་ཉོ་ལག་བསྟར་བྱས་ཡོད། ལྟད་མོ་བ་ཚོས“བོད་ལྗོངས་དངོས་མང་བཤམས་སྟོན་ཁང”གི་སྐད་འཕྲིན་སྤྱི་སྟེགས་དང་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་དེ་སྔོན་ལ་མངག་ཉོ་བྱེད་ཆོག 
     གཉིས། ལྟ་སྐོར་བྱེད་ཉིན་དེར་ངེས་པར་དུ་སྔོན་མངགས་བྱེད་མཁན་གྱི་ཐོབ་ཐང་ལག་ཁྱེར(མ་ཡིག)རམ་ཡང་ན་སྔོན་མངགས་བྱས་པའི་རྩ་གཉིས་ཨང་རྟགས་ལ་བརྟེན་ནས་དངོས་མང་བཤམས་སྟོན་ཁང་དུ་འཛུལ་དགོས་པ་དང་། ལྟ་སྐོར་བྱེད་པའི་དུས་ལས་ཡོལ་ཚེ་བསྐྱར་དུ་མངག་ཉོ་བྱེད་དགོས། 
     གསུམ། ལྟ་སྐོར་བྱེད་པའི་ཡུལ་དངོས་སུ་དབང་པོ་སྐྱོན་ཅན་དང་ལོ་60ཡན་གྱི་བགྲེས་པོར་ལྗང་མདོག་ཆེད་སྤྱོད་བགྲོད་ལམ་བཏོད་ཡོད་པ་དང་། རིག་ནུས་ལག་ཁྱེར་ཁ་པར་བེད་སྤྱོད་གཏོང་མི་ཤེས་པའི་ལྟད་མོ་བར་ལས་དོན་མི་སྣས་ཡུལ་དངོས་སུ་རོགས་རམ་བྱ་རྒྱུ་རེད།
     བཞི། ལྟ་སྐོར་མི་སྣས་དངོས་མང་བཤམས་སྟོན་ཁང་གི་འབྲེལ་ཡོད་ལམ་ལུགས་ལ་བརྩི་སྲུང་ཞུ་དགོས་ཤིང་། ལྟད་མོ་བས་ངེས་པར་དུ་བརྒྱུད་རིམ་ཧྲིལ་པོར་ཁ་རས་རྒྱག་པ་དང་། སྨི་1ཡན་གྱི་བདེ་འཇགས་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་དང་། ལས་དོན་མི་སྣས་ཐོབ་ཐང་ལག་ཁྱེར་ཞིབ་དཔྱད་ཐོ་འགོད་བྱེད་པར་གཞོགས་འདེགས་བྱེད་དགོས། 
     ལྔ། སྒོ་ཕྱེ་བའི་དུས་ཚོད་ནི་ཉིན་རེའི་སྔ་དྲོའི་ཆུ་ཚོད་10:00ནས་ཕྱི་དྲོའི་ཆུ་ཚོད་17:00བར(ཆུ་ཚོད་16:00ལ་ནང་དུ་འཛུལ་མཚམས་འཇོག་རྒྱུ)ཡིན་པ་དང་། གཟའ་ཟླ་བར་རྒྱུན་ལྡན་ལྟར་སྒོ་རྒྱག་རྒྱུ་རེད།
     བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་བདེ་འཇགས་དང་གོ་རིམ་ལྡན་པའི་ཡུལ་སྐོར་ཁོར་ཡུག་ཅིག་བསྐྲུན་རྒྱུ་རེད།