འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁྲེང་ཁུན་ལྕགས་ལམ་གསར་པའི་ལམ་རྒྱུད་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་28ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི“བསྐྱར་དར་རྟགས་ཅན”ཤུགས་འགྲེམས་མེ་འཁོར་ཁྲེང་ཁུན་ལྕགས་ལམ་གསར་པའི་ཐོག་སྐྱོད་བཞིན་པ།
འདི་ནི“བསྐྱར་དར་རྟགས་ཅན”ཤུགས་འགྲེམས་མེ་འཁོར་ཁྲེང་ཁུན་ལྕགས་ལམ་གསར་པའི་ཐོག་སྐྱོད་བཞིན་པ།
     ཟླ་12ཚེས་26ཉིན། ཁྲེང་ཁུན་ལྕགས་ལམ་གསར་པའི་གླང་ཆེན་འགྱིང་རི་ནས་མེན་ཉིང་བར་གྱི་ལམ་དུམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་། ལམ་རྒྱུད་ཧྲིལ་པོར་སྤྱི་ལེ་915ཟིན་པའི་ཁྲེང་ཁུན་ལྕགས་ལམ་གསར་པར་མེ་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ཁྲེང་ཏུའུ་ནས་ཁུན་མིང་བར་གྱི་འགྲུལ་སྐྱེལ་མེ་འཁོར་སྐྱོད་ཡུན་དེ་སྔའི་ཆུ་ཚོད་19ནས་ཆུ་ཚོད་7.5ཙམ་བར་ཐུང་དུ་ཕྱིན་ཡོད་པ་རེད། ཁྲེང་ཁུན་ལྕགས་ལམ་གསར་པ་ནི་རྒྱལ་ཁབ་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཤིག་དང་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་གྱི་ཐོན་སྒོ་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་གྱི་ལྕགས་ལམ་བགྲོད་ལམ་ཆེན་པོའི་གྲུབ་ཆ་གལ་ཆེན་ཞིག་རེད།