འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སི་ཁྲོན་དཀར་མཛེས་ཀྲོའུ་ཡི“9·5”ལྕགས་ཟམ་རྫོང་གི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་
གྱི་རྣམ་གྲངས་གཅིག་སྡུད་ལས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་26ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་12ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི“9·5”ལྕགས་ཟམ་རྫོང་གི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ཀྱི་གཅིག་སྡུད་ལས་འགོ་འཛུགས་པའི་མཛད་སྒོ་ཀྲོའུ་དེའི་ལྕགས་ཟམ་རྫོང་བདེ་འོག་གྲོང་རྡལ་མཁར་འོག་གྲོང་ཚོར་འཚོགས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཚན་རིག་དང་མཐུན་པའི་བསྐྱར་སྐྲུན་དང་། མི་ཆོས་རིག་གནས་བསྐྱར་སྐྲུན། ལྗང་མདོག་བསྐྱར་སྐྲུན། ཡོངས་བསྒྲགས་བསྐྱར་སྐྲུན་བཅས་ཀྱི་རྩ་དོན་ལ་གཞིགས་ནས་དཀར་མཛེས་ཀྲོའུ་ཡིས“1+5+N”ཡི་འཆར་འགོད་ཇུས་གཞི་བཟོས་པ་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་197བསྐྲུན་རྩིས་ཡོད་པར། སྔོན་རྩིས་ལྟར་ན་བསྡོམས་མ་དངུལ་སྒོར་དུང་ཕྱུར་120.16གཏོང་རྒྱུ་རེད། དེའི་ནང་སྡོད་ཁང་བསྐྱར་སྐྲུན་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། མཛེས་ལྗོངས་ཁུལ་སླར་གསོ། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ས་གཤིས་གནོད་འཚེ་འགོག་བཅོས། རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྐྱེ་ཁམས་སླར་གསོ་སོགས་ཚུད་ཡོད་པ་རེད།
     ཤེས་རྟོཌ་བྱུང་བར་གཞིགས་ན། ད་ཐེངས་གཅིག་སྡུད་ལས་འགོ་ཚུཌ་པའི་གཅིག་གྱུར་འཆར་འགོད་དང་འཛུཌ་སྐྲུན་གྱི་བཀོད་སྒྲིག་བྱ་ཡུལ་གྱི་རྣམ་གྲངས་4ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.54བཏང་བ་དེས་མང་ཚོགས་དུད་ཚང་582ལ་ཕན་པ་ཐོབ་རྒྱུ་ཡིན་པ་དེ་ཐོག་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་ཁྱོན་ཡོངས་ནས་བསྐྲུན་འགོ་ཚུགས་པ་མཚོན་ཡོད།