འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སི་ཁྲོན་ཉེན་རྟོག་ཕྱོགས་ཀྱིས་མི་1546འཛིན་བཟུང་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་23ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དུས་ཡུན་ཟླ་13རིང་། ཞིང་ཆེན་དང་གྲོང་ཁྱེར་12ལས་བརྒལ་ཏེ། སི་ཁྲོན་སྤྱི་བདེ་དུག་འགོག་སྡེ་ཁག་གིས་ཁུངས་སྣེ་ཞིག་ལ་བརྟེན་ནས་རྗེས་འདེད་བྱས་ཏེ། མྱུལ་ཞིབ་ཞིབ་ཚགས་བྱས་ནས་ས་ཆ་མང་པོ་དང་མཉམ་འབྲེལ་ཐོག་དྲ་རྒྱའི་དུག་རྫས་བཟོ་སྐྲུན་དང་ཉོ་ཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད། དུག་རྫས་བཟོ་བ་དང་། དུག་ཚོང་རྒྱག་པ། དུག་རྫས་འཐེན་པ། ཁྲིམས་འགལ་ངང་དུག་རྫས་ཉོ་ཚོང་དང་བཟོ་བ་བཅས་ཀྱི་ཉེས་གསོག་བྱེད་སྤྱོད་མང་བའི་དྲ་རྒྱ་ཆེན་པོ་ཞིག་མེད་པར་བཟོས་ནས་དུག་ཚོང་རྒྱག་པའི་ཚོགས་པ་32མེད་པར་བཟོས་པ་དང་། དུག་རྫས་བཟོ་གྲྭ་2མེད་པར་བཟོས་པ། དུག་རྫས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་དོགས་ཅན་1546འཛིན་བཟུང་བྱས་པ། དུག་རྫས་ཁེ་2124དང་། དུག་རྫས་ཉོ་ཚོང་མ་དངུལ་སྒོར་ཁྲི་30ལྷག་ཙམ་གཞུང་བཞེས་བཏང་བ་རེད།
     ཟླ་12ཚེས་22ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་དེ་རྩད་ཆོད་ཐུབ་པ་ནི་རྒྱལ་ཡོངས་སུ་གྱོད་གཞི་རྐྱང་པས་རྡུང་རྡེག་དང་། ཞིབ་བཤེར་ཐག་གཅོད་བྱས་པའི་མི་གྲངས་མང་ཤོས་དང་ཚོགས་པར་རྡུང་རྡེག་གཏོང་མང་ཤོས་ཀྱི་ལོ་རྒྱུས་ཀྱི་ཚད་བརྒལ་མངོན་འགྱུར་བྱུང་ཡོད་པ་རེད།