འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱི་འགོ་ཁྲིད་འདི་བཟུང་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་14ཉིན། 17:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིང་ཆེན་འབྲུ་རིགས་ཅུས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི། ཅུས་ཀྲང་ཀུའུ་ཡན་ཧྭ་ཡིས(ཐིང་རིམ་པ་གཞོན་པ)ལྐོག་ཟ་དང་ལྐོག་རྔན་བླངས་པ། གཞུང་དངུལ་སྒེར་སྤྱོད་བྱས་པའི་དོགས་ཡོད་གྱོད་གཞི་དེ་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྤྲད་པ་རེད། ཉིན་ཤས་གོང་ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་ཟའི་ཉེས་གསོག་དང་ལྐོག་རྔན་བླངས་པའི་ཉེས་གསོག གཞུང་དངུལ་སྒེར་སྤྱོད་ཀྱི་ཉེས་གསོག་དོགས་ཡོད་ཐོག་ནས་ཀུའུ་ཡན་ཧྭ་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གྱོད་གཞི་འདི་ཐག་གཅོད་བྱེད་བཞིན་པའི་སྒང་རེད།