འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་ཕུག་ལམ་འདི་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་05ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་ཕུག་ལམ་འདི་ཤར་གཏོང་ཐུབ་པ།
    མི་དམངས་དྲ་བའི་འཕྲིན། ཟླ་12པའི་ཚེས་3ཉིན། རྒྱལ་ཁབ་མདོང་ལམ་དྲ་བའི་ཚོགས་པས་གནས་ཚུལ་ཡོངས་བསྒྲགས་བྱས་པར་གཞིགས་ན། ཀྲུང་ཨུའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་གྱི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ།འབྲི་ཆུའི་འབིགས་འཕྲུལ་ཕུབ་ལམ་བརྒྱུད་པའི་ལས་གྲྭ་ཟླ་བ་28རྗེས་འབྲི་ཆུ་སྒྲོལ་ཐུབ་ནས་ཕུག་ལམ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་ཡོད་པ་རེད།
    ཀྲུང་གོ་དང་ཨུ་རུ་སུའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་དེ་འབིགས་འཕྲུལ་ཕུག་ལམ་གྱི་རྣམ་པའི་ཐོག་ནས་འབྲི་ཆུ་སྒྲོལ་བ་དང་། ཕུག་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་10.226ཟིན་པ། ཕུག་ལམ་ནང་ཚངས་ཐིག་ལ་ཧའོ་སྨི་1422ཡོད་པའི་རང་བྱུང་སོལ་རླངས་མདོང་ལམ་3ཇུས་འགོད་བྱས་ཡོད། དེ་ནི་མིག་སྔར་འཛམ་གླིང་ཐོག་གི་སྣུམ་རླངས་ཁྱབ་ཁོངས་ཀྱི་ཕྱོགས་རྐྱང་པའི་འབིགས་འཕྲུལ་སྔོག་འདོན་བྱས་པའི་བར་ཐག་རིང་ཤོས་ཀྱི་ཕུག་ལམ་ཞིག་རེད། ལས་གྲྭ་དེའི་ཆེས་དམའ་བའི་སར་ཕུག་ལམ་གྱི་ཆེས་མཐོ་བའི་མཐོ་ཚད་ནི་སྨི་-60.2ཡིན་པ་དང་།སའི་མཐུག་ཚད་ཆེ་ཤོས་ནི་སྨི་42.5ཡིན་པས་ཚང་མས་སྣུམ་རླངས་ལྕགས་མདོང་གི་འབིགས་འཕྲུལ་ཇུས་འགོད་ལ་གྲངས་ཐང་ཆེ་ཤོས་མཁོ་འདོན་བྱས་ཡོད། འབིགས་འཕྲུལ་ཨར་ལས་ཀྱི་ཆུ་གནོན་ཀྲའོ་ཕ་0.73ནི་མིག་སྔའི་ཆུ་གནོན་མཐོ་ཤོས་ཀྱི་འབིགས་འཕྲུལ་ལས་གྲྭ་ཞིག་རེད།