འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨུ་ཡུག་གདོང་ཐུག་ཞི་ལྷོད་དུ་འགྲོ་རྒྱུ་རེད་དམ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་05ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ལུའུ་ཐུའུ་གསར་འགྱུར་ཁང་གིས་ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་3ཉིན་གནས་ཚུལ་སྤེལ་དོན །ཨ་རིའི་རྒྱལ་ཁབ་གསང་འཕྲིན་སྤྱི་ཁྱབ་ལྟ་ཞིབ་པ་ཧའེ་ཨེན་སིས་ཨ་རིའི་གསང་འཕྲིན་སྡེ་ཁག་གིས་སྔོན་དཔག་བྱས་པར་གཞིགས་ན། མ་འོངས་པའི་ཟླ་འགའི་རིང་ལ་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ཞི་ལྷོད་དུ་འགྲོ་རྒྱུ་ཡིན་པ་བསྟན།
   ཧའེ་ཨེན་སིས་གདོང་ཐུག་ཞི་ལྷོད་དུ་སོང་ཡོད་པ་མཐོང་ཐུབ། ཨུ་རུ་སུ་དང་ཡུག་རེན་གྱི་དམག་དཔུང་གཉིས་ཀས་དགུན་དུས་རྗེས་ཀྱི་ཕར་རྒོལ་ལ་གྲ་སྒྲིག་བྱེད་ཆེད་བཅོས་སྒྲིག་དང་གསབ་སྤྲོད་བྱེད་འདོད་ཡོད་པ་བསྟན།