འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཏོག་གསར་ནད་དུག་ད་དུང་མཇུག་འགྲིལ་བའི་དུས་ལ་སླེབས་མེད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་05ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་2ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨའོ་སྨི་ཁེ་རོང་དུག་སྡོང་སྔར་བཞིན་གོ་ལ་ཧྲིལ་པོར་རྒྱ་ཁྱབ་ངང་མཆེད་བཞིན་ཡོད་པ་དང་། མིག་སྔར་ཏོག་གསར་གློ་ཚད་མཆེད་པའི་ཛ་དྲག་དུས་མཚམས་མཇུག་འགྲིལ་བ་ཁྱབ་བསྒྲགས་བྱེད་པའི་དུས་ལ་སླེབས་མེད་ཅེས་བཤད་པ་རེད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པར་གཞིགས་ན། འགོས་ནད་ཕོག་མྱོང་བའམ་རིམས་འགོག་སྨན་ཁབ་བརྒྱབ་མྱོང་ཡོད་པས་མིག་སྔར་འཛམ་གླིང་ཐོག་ཉུང་མཐར་ཡང་མི་འབོར་90%ལ་ཏོག་གསར་ནད་དུག་གི་རིམས་འགོག་ནུས་པ་ངེས་ཅན་ལྡན་ཡོད་པ་རེད། ཚེས་2ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏེ་སའེ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག“ང་ཚོ་ད་ལྟ་ཏོག་གསར་གློ་ཚད་མཆེད་པའི་ཛ་དྲག་དུས་མཚམས་མཇུག་འགྲིལ་བ་ཁྱབ་བསྒྲགས་བྱེད་པའི་དུས་ཚོད་དང་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད་མོད། འོན་ཀྱང་ང་ཚོ་ད་དུང་དེར་སླེབས་མེད། ནད་དུག་ལྟ་ཞིབ་ཚད་ལེན་དང་། ཞིབ་དཔྱད་ཚད་ལེན། གོ་རིམ་ཚད་ལེན། རིམས་འགོག་སྨན་ཁབ་རྒྱག་པ་བཅས་ཀྱི་ཐད་ལ་སྔར་བཞིན་ཧེ་བག་ཡོད”ཅེས་བཤད་པ་རེད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་ཛ་དྲག་རྣམ་གྲངས་ཀྱི་ལག་རྩལ་འགན་ཁུར་བ་མ་ལི་ཡ·ཧྥན་ཁེའར་ཁེ་ཧོ་ཧྥུ་ཡིས། གཟའ་འཁོར་གོང་མར་རྒྱལ་ཁབ་ཁག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་གསར་དུ་བྱུང་བའི་ནད་དཔེ་ཁྲི་250ལྷག་ཙམ་སྙན་སེང་ཞུས་ཡོད། ལོ་60ཡན་གྱི་མི་ཚོགས་དང་། རྨང་གཞིའི་ནད་ཡོད་མཁན། རིམས་འགོག་ནུས་པ་ཞན་པའི་མི་ཚོགས། འཐབ་ཕྱོགས་དང་པོའི་སྨན་བཅོས་འཕྲོད་བསྟེན་མི་སྣ་སོགས་ཉེན་ཁ་ཆེ་བའི་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་དམིགས་འབེན་ད་དུང་མངོན་འགྱུར་ཐུབ་མེད་པས་དེར་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་དོ་ཁུར་བྱེད་དགོས་ཞེས་བཤད་པ་རེད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་ཛ་དྲག་རྣམ་གྲངས་ཀྱི་ལག་བསྟར་ཀྲུའུ་རེན་མའེ་ཁེའར·རུའེ་ཨན་གྱིས་ཨའོ་སྨི་ཁེ་རུང་དུག་སྡོང་མཆེད་ཤུགས་ཧ་ཅང་ཆེན་པོ་ཡོད། རྒྱལ་ཁབ་ཁག་ཚང་མས་ངེས་པར་དུ་དེའི་ཉེན་ཁའི་དཔྱད་དཔོག་དང་། དེ་བཞིན་གང་དེས་ཁོང་དུ་ཆུད་པའི་རིམས་འགོག་ཡོ་བྱད་ལ་བརྟེན་ནས་རིམས་ནད་ལ་ཁ་གཏད་གཅོག་དགོས་ཞེས་བཤད་པ་རེད།