འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཞི་ཁྱོན་ཆེ་བའི་མེ་རི་འཕྱུར་བས་རིམ་པ་མཐོ་ཤོས་ཀྱི་ཉེན་ཟོན་བཏང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་05ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཟླ་12པའི་ཚེས་4ཉིན། ལུའུ་ཐོའུ་གསར་འགྱུར་ཁང་གིས་ས་གནས་དེ་གའི་སྨྱན་སྦྱོར་གྱི་འཕྲིན་སྤེལ་དྲངས་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡའི་དབང་འཛིན་ལས་ཁུངས་ཀྱིས་སའེ་མེ་ལུའུ་མེ་རི་འཕྱུར་བའི་ཉེན་ཟོན་རིམ་པ་དེ་ཚད་རིམ་མཐོ་ཤོས་སུ་སྤར་བ་རེད། 
     ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གེགས་འགོག་ཧྲུའུ་ཡིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེར་ཧིན་རྡུ་ཉི་ཞི་ཡའི་སའེ་མེ་ལུའུ་མེ་རི་གཞི་ཁྱོན་ཆེན་པོས་འཕྱུར་ཡོད་པ་རེད།
     ཧིན་རྡུ་ཉི་ཞི་ཡ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་མེ་རིའི་རྒྱུད་དུ་གནས་ཤིང་། རྒྱལ་ཡོངས་སུ་མེ་རི་130ཙམ་ཡོད་པས་ས་ཡོམ་དང་མེ་རི་འཕྱུར་བའི་གནས་ཚུལ་ཐོན་མང་པོ་ཡོད། སའེ་མེ་ལུའུ་མེ་རིའི་ས་བབ་མཐོ་ཚད་སྨི་3676ཡོད་པ་དང་། དེ་ནི་ཀྲྭ་ཝ་གླིང་ཕྲན་གྱི་མེ་རི་མཐོ་ཤོས་དང་སྐད་གྲགས་ཆེ་བའི་རི་འཛེག་མཛེས་ལྗོངས་ཁུལ་ཞིག་རེད། 2021ལོའི་ཟླ་12ཚེས་4ཉིན། སའེ་མེ་ལུའུ་མེ་རི་དྲག་ཏུ་འཕྱུར་ནས་མི་46རྐྱེན་ལམ་དུ་ཤོར་བ་དང་མི་སྟོང་ཕྲག་ཁ་ཤས་ལ་གནོད་འཚེ་ཕོག་ཡོད།