འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིའི་ཁྲིམས་ཁང་གིས་ཁོ་མོར་ཞུ་གཏུག་བྱས་པ་དེ་ཕྱིར་འཐེན་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་05ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཨ་རིའི་སྨྱན་སྦྱོར་མང་པོ་ཞིག་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཞིབ་དཔྱོད་ཕྱོགས་ཀྱིས་རེ་ཞུ་བྱས་རྗེས། ཨ་རིའི་ཁྲིམས་ཁང་གིས་ས་གནས་དེ་གའི་ཟླ་12པའི་ཚེས་2ཉིན་ཀྲུང་གོའི་ཧྭ་ཝེ་ཀུང་སིའི་གཙོ་འཛིན་ནོར་དོན་དཔོན་མེང་ཝན་ཀྲོའུ་ཡི“དངུལ་ཁང་གི་ཁ་བསླུས”ཞེས་པ་སོགས་ཀྱི་ཉེས་མིང་ལ་སྐྱོན་འདོན་ཞུ་གཏུག་བྱས་པ་དེ་དངོས་སུ་ཕྱིར་འཐེན་བྱས་པ་མ་ཟད། ཞིབ་དཔྱོད་ཕྱོགས་ཀྱིས་དེའི་ཐད་སླར་ཞུ་གཏུག་བྱས་མི་ཆོག་པ་བསྟན། ཚེས་2ཉིན་ཨ་རིའི་ཁྲིམས་འཛིན་པུས་མེང་ཝན་ཀྲོའུ་ཡིས་དུས་བཀག་ནང་དུས་འགྱངས་ཞུ་གཏུག་གྲོས་མཐུན་ལས་འགལ་མེད་པས་ཞུ་གཏུག་རྦད་དེ་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བསྟན།
     2021ལོའི་ཟླ་9པར། མེང་ཝན་ཀྲོའུ་དང་ཨ་རིའི་ཁྲིམས་འཛིན་པུས་གྲོས་མཐུན་དེ་བཞག་པའི་རྗེས་སུ་མེས་རྒྱལ་དུ་ཕྱིར་ལོག་བྱས་པ་རེད། ཨ་རི་ཕྱོགས་ཀྱི་འཛིན་བཟུང་བཀའ་རྒྱ་ལྟར། 2018ལོར་མེང་ཝན་ཀྲོའུ་ཁ་ན་ཏར་བཀག་ཉར་བྱས་ཉིན་ནས་བཟུང་ལོ་བཞི་འགོར་རྗེས། ཨ་རི་ཕྱོགས་ཀྱིས་2022ལོའི་ཟླ་12པའི་ཚེས་1ཉིན་ཁོ་མོར་ཞུ་གཏུག་ཕྱིར་འཐེན་བྱ་རྒྱུའི་མོས་མཐུན་བྱས་པ་རེད། ཀྲུང་གོའི་ཕྱི་འབྲེལ་པུས་དེའི་གོང་ལ་མེང་ཝན་ཀྲོའུ་ཡི་དོན་རྐྱེན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་བརྟན་པོ་དང་ཁ་གསལ་ཞིག་ཡིན་ཞེས་བཤད་མྱོང་ཡོད། དོན་དངོས་ཐོག་དེ་ནི་ཀྲུང་གོའི་སྤྱི་དམངས་ལ་དམིགས་པའི་ཆབ་སྲིད་ཀྱི་གནོད་འཚེ་གཏོང་བའི་དོན་རྐྱེན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོའི་ཚན་རྩལ་མཐོ་བའི་ཁེ་ལས་ལ་མགོ་གནོན་བྱེད་པ་ཞིག་ཡིན་པ་སྔ་ས་ནས་ར་སྤྲོད་གང་ལེགས་བྱས་ཡོད།