འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཉི་མ་བཀྲ་ཤིས་ཏང་དང་ལས་གནས་ནས་ཕུད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་01ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྣ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྣ་རྫོང་གི་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། ཅུས་ཀྲང་ཉི་མ་བཀྲ་ཤིས་ཀྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།   
     ཞིབ་བཤེར་བྱས་པ་བརྒྱུད། ཉི་མ་བཀྲ་ཤིས་ཀྱིས་ཐོག་མའི་བསམ་འདུན་དང་ལས་འགན་རྒྱབ་ཏུ་བསྐྱུར་བ་དང་། ཕུགས་བསམ་དང་དད་སེམས་ཉམས་པ། ཀྲུང་དབྱང་གི་དོན་ཚན་བརྒྱད་ཀྱི་གཏན་འབེབས་དགོངས་དོན་དང་འགལ་ནས་དྲང་བདེན་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་པའི་ལེགས་སྐྱེས་དང་སྒོར་མོ་བླངས་པ། མི་སྒེར་གྱིས་གནད་དོན་གལ་ཆེན་ཐག་གཅོད་བྱས་པ། ལས་ཀའི་འགན་འཁྲི་ཡག་པོ་མི་སྒྲུབ་པ། ལས་གནས་ཀྱི་སྟབས་བདེའི་ཐོག་ནས་མི་གཞན་ལ་ཁེ་ཕན་སྒྲུབ་པ་དང་མི་གཞན་གྱི་རྒྱུ་ནོར་བླངས་ཤིང་གྲངས་འབོར་ཧ་ཅང་ཆེ། བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དབང་ཚད་དང་གོ་རིམ་དང་འགལ་ནས། ཁྲིམས་འགལ་ལམ་སྒྲིག་སྲོལ་དང་འགལ་ཏེ་གཞུང་དོན་ཐག་གཅོད་བྱས་པའི་དབང་གིས་གཞུང་དབང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཐེབས་ཤིང་གནས་ཚུལ་ཤིན་ཏུ་ཚབས་ཆེན་རེད། 
     ཉི་མ་བཀྲ་ཤིས་ཀྱིས་ཏང་གི་རྩ་འཛུགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས་དང་ཚབས་ཆེན་འགལ་ནས། ལས་གནས་ཁྲིམས་འགལ་གྲུབ་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞིའང་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་རང་ཚོད་མི་ཟིན་པ་དང་། མཚམས་མི་འཇོག་པ། ངོ་བོ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མཚོ་སྣ་རྫོང་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་མཚོ་སྣ་རྫོང་ཨུ་ལ་ཆོག་མཆན་ཞུས་རྗེས། ཉི་མ་བཀྲ་ཤིས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། མཚོ་སྣ་རྫོང་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུ་དང་། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཀྱི་ཐག་བཅད།