འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲུང་གོར་འཚམས་འདྲིར་ཕེབས་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཤར·སྨི་ཞེར་ཟླ་12ཚེས་1ཉིན་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་རེད། ཟླ་11ཚེས་28ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་བསྐྱོན་སྐབས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།
     “ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེར་ཟླ་12ཚེས་1ཉིན་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རྗེས་སུ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་སྒྲིག་གཞིའི་འགོ་ཁྲིད་པའི་དབར་གྱི་དངོས་གཞིའི་ཞལ་འཛོམས་ཐོག་མ་རེད”ཅེས་ཀྲའོ་ལི་ཅན་གྱིས་བརྗོད་པ་རེད། འཚམས་འདྲི་གནང་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྨི་ཞེར་དང་གྲོས་མོལ་གནང་རྒྱུ་དང་། ཙུང་ལི་ལི་ཁེ་ཆང་དང་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་རྣམ་གཉིས་ཀྱིས་ཀྱང་མཇལ་འཛོམས་གནང་རྒྱུ་རེད། ཕྱོགས་གཉིས་པོའི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་རྒྱུ་རེད།
     ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་དབར་གྱི་འཕེལ་རྒྱས་འབྲེལ་བ་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཡོ་རོབ་ཕྱོགས་དང་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་རྙོག་འཛིང་ཆེ་ལ་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ལ་བརྟན་ལྷིང་གི་རང་བཞིན་སྔར་ལས་མང་བ་སྣོན་འདོད་ཡོད་ཅེས་བརྗོད་པ་རེད།