མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་སོ་ལོ་མོན་གླིང་ཚོམ་ལ་ས་ཡོམ་གྱི་གནོད་འཚེ་ཕོག་པར་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ཏུའུ་
ཝུའུ་ནཱ་ཅི་ལ་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་27ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་ལོ་མོན་གླིང་ཚོམ་ལ་ས་ཡོམ་གྱི་གནོད་འཚེ་ཕོག་པར་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ཏུའུ་ཝུའུ་ནཱ་ཅི་ལ་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་བ་རེད།
    ཞི་ཅིན་ཕིང་གིས། སོ་ལོ་མོན་གླིང་ཚོམ་ལ་ས་ཡོམ་དྲག་པོ་བརྒྱབ་པ་ཤེས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་སོ་ལོ་མོན་གླིང་ཚོམ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོ་དང་སོ་ལོ་མོན་གླིང་ཚོམ་ནི་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ལྟ་སྐྱོང་བྱེད་མཁན་གྱི་གྲོགས་པོ་ཡག་པོ་དང་། སྤུན་ཟླ་ཡག་པོ། རོགས་ཟླ་ཡག་པོ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མོན་ཕྱོགས་ལ་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་བྱས་ཏེ། སོ་ལོ་མོན་གླིང་ཚོམ་གྱི་མི་དམངས་གནོད་འཚེ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་ལ་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
    དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སུའོ་ཅ་ཝ་ལེ་ལ་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་བ་རེད།