འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྐུ་སྔོག་བྱེད་མཁན་མི་7ལ་ཉེས་ཆད་བཅད་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་24ཉིན་གསར་འགོད་པས་ཀན་སུའུ་ཞིང་ཆེན་ཙི་ཝུའུ་ལིང་ལིན་ཁུལ་ཁྲིམས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཁྲིམས་ཁང་དེས་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་ཀྱི་འགྱུར་རྡོ་རྐུ་སྔོག་བྱས་པའི་གྱོད་གཞི་ཞིག་ཞིབ་གཅོད་མཇུག་བསྒྲིལ་བ་དང་། ཞུ་སྦྱོར་ཕྱི་མ་7པོར་སོ་སོར་ལོ་གཅིག་ནས་ཟླ་དྲུག་བར་གྱི་དུས་བཀག་བཙོན་འཇུག་དང་འབྲེལ་དངུལ་ཆད་ཀྱང་བཅད་པ་རེད།
     ཁྲིམས་ཁང་གིས་འདྲི་ཞིབ་བྱས་པར་གཞིགས་ན། 2022ལོའི་ཟླ་གཉིས་པར་ཞུ་སྦྱོར་ཕྱི་མ་ལིའུ་ཆེ་གེ་མོ་དང་། ཏོན་ཆེ་གེ་མོ། ཕན་ཆེ་གེ་མོ་བཅས་མི་གསུམ་པོས་ཀན་སུའུ་ཞིང་ཆེན་ཆིང་དབྱང་གྲོང་ཁྱེར་ཧོ་ཧྲུའེ་རྫོང་དུ“འབྲུག་རུས”བརྐུས་ནས་བཙོངས་པའི་ཁེ་བཟང་རག་རྒྱུའི་གྲོས་བསྡུར་བྱས་པ་རེད། ལིའུ་ཆེ་གེ་མོས་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་ཞིན་ཐུང་རྫོང་གི་ཀྲོའུ་ཆེ་གེ་མོ་ལ་འབྲེལ་གཏུག་བྱས་ཤིང་། ཀྲོའུ་ཆེ་གེ་མོས་མཱ་ཆེ་གེ་མོ་དང་། མཱ་ཆེ་གེ་མོ། ཏེང་ཆེ་གེ་མོ་བཅས་མི་བཞི་རླངས་འཁོར་ལ་བསྡད་དེ་ཉིང་ཞ་ནས་ཧོ་ཧྲུའེ་རྫོང་གི་མངའ་ཁོངས་སུ་རྐུ་སྔོག་བྱེད་པར་མངགས། མི་4ཡིས་བསྟུད་མར་ཉིན་འགའ་ལ་འཇབ་སྒུག་བྱས་ནས་འབྲུག་རུས་རྐུ་བསྔོགས་བྱས་ཏེ་ལིའུ་ཆེ་གེ་མོར་བཙོང་དུ་བཅུག  སྤྱི་བདེ་ལས་ཁུངས་ཀྱིས་རྩད་ཆོད་པའི་དུས་སུ་ཁོང་ཚོས་ལོག་ཚོང་བརྒྱབ་ནས་ཁྱོན་ཁེ་སྤོགས་སྒོར་ཁྲི་1.2ལྷག་ཙམ་ཐོབ་པ་མ་ཟད། གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་ཀྱི་འགྱུར་རྡོ་སྤྱི་རྒྱ་65.5བཙོངས་མེད་པར་ལུས་འདུག
     ཀན་སུའུ་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་གསལ་འབྱེད་བྱས་པ་བརྒྱུད། གྱོད་འབྲེལ་རིག་དངོས་ནི་སྤྱིར་བཏང་གི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་ཀྱི་འགྱུར་རྡོ་ཞིག་ཡིན་པ་དང་། ཚན་རིག་ཞིབ་འཇུག་གི་རིན་ཐང་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།
     ཉེ་ཆར། གྱོད་གཞི་དེ་ཙི་ཝུའུ་ལིང་ལིན་ཁུལ་ཁྲིམས་ཁང་གིས་དྲ་ཐོག་དང་དྲ་འོག་ཟུང་འབྲེལ་བྱེད་ཐབས་བརྒྱུད་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱས་པ་དང་། ཞུ་སྦྱོར་ཕྱི་མ་7པོས་རང་ཉེས་ངོས་ལེན་བྱས་པ་རེད། ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་7པོ་སོ་སོར་ལོ་གཅིག་ནས་ཟླ་དྲུག་བར་གྱི་དུས་བཀག་བཙོན་འཇུག་བྱས་པ་མ་ཟད་དངུལ་ཆད་ཀྱང་བཅད། 
     གྱོད་གཞི་དེ་འདྲི་ཞིབ་བྱེད་འགན་འཁུར་མཁན་ཁྲིམས་དཔོན་ལི་ཞིན་ཆང་གིས། ཞུ་སྦྱོར་ཕྱི་མ་བས་ཁྲིམས་བཀོད་དུས་བཀག་ནང་གོང་གཏུག་མ་བྱས་པས་མིག་སྔར་ཁྲིམས་ཐག་བཅད་པར་ནུས་པ་ཐོན་ཡོད་ཅེས་བཤད་པ་རེད།