མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་གཞོན་པ་ཧ་ལི་སི་དང་གླེང་མོལ་མདོར་བསྡུས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་21ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པང་ཁོག་ཏུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རིང་། གདན་ཞུས་ལྟར་ཨ་རིའི་ཙུང་ཐུང་གཞོན་པ་ཧ་ལི་སི་དང་གླེང་མོལ་མདོར་བསྡུས་གནང་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་པང་ཁོག་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པང་ཁོག་ཏུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རིང་། གདན་ཞུས་ལྟར་ཨ་རིའི་ཙུང་ཐུང་གཞོན་པ་ཧ་ལི་སི་དང་གླེང་མོལ་མདོར་བསྡུས་གནང་བ་རེད།
    ཞི་ཅིན་ཕིང་གིས། ང་དང་ཙུང་ཐུང་པའེ་ཀྲེན་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་དུ་ཞལ་འཛོམས་བྱས་པར་འཐབ་ཇུས་རང་བཞིན་དང་དགེ་མཚན་རང་བཞིན་ཆེན་པོ་ལྡན་པ་དང་། དུས་མཚམས་རྗེས་མའི་ཀྲུང་ཨའི་འབྲེལ་བར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་ཤེས་རྟོགས་བྱེད་ཤུགས་སྔར་བས་ཟབ་ཏུ་བཏང་ནས་གོ་ནོར་དང་ནོར་འཁྲུལ་གྱི་བརྡར་གཅོད་ཉུང་དུ་བཏང་སྟེ། ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་སྲོལ་ལམ་ཐོག་བསྐྱར་དུ་ལོག་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། མཁྱེན་ལྡན་མ་ཙུང་ཐུང་གཞོན་པས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
   ཧ་ལི་སིས། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྲུབ་འབྲས་ཐོབ་པའི་ཞལ་འཛོམས་གནང་མ་ཐག་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁ་གཏད་དུ་མི་ལངས་པ་དང་གདོང་ཐུག་མི་ཡོང་བ་བྱེད་པ་དང་ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་མཉམ་ལས་བྱས་ནས། འབྲེལ་གཏུག་གི་ཐབས་ལམ་ཤར་བགྲོད་ཐུབ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།