འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུག་རེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་དྲན་སྐུལ་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་18ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཡུག་རེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་ཡུག་རེན་གཞུང་ཕྱོགས་ཀྱིས་རྒྱལ་ཁབ་དེའི་དམག་འཁྲུག་གི་རྣམ་པ་དེ་2023ལོའི་ཟླ་2ཚེས་19ཉིན་བར་རིང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཡུག་རེན་གྱི་མིག་སྔའི་བདེ་འཇགས་དུས་བབ་ལ་སྔར་བཞིན་ཉེན་ཁ་ཆེ་བ་ཡོད་པར་བསམ་གཞིག་བྱས་ནས། ཡུག་རེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་རྒྱལ་ནང་གི་མི་སྣ་གནས་སྐབས་ཡུག་རེན་དུ་མི་འགྲོ་བ་དང་། རྒྱལ་ཁབ་གསུམ་པ་ལ་ཕྱིར་འཐེན་བྱས་ཚར་མཁན་དག་གནས་སྐབས་ཡུག་རེན་དུ་ཕྱིར་ལོག་མི་བྱེད་པ། རང་མོས་ངང་ཡུག་རེན་མངའ་ཁོངས་སུ་སྡོད་པའི་ཀྲུང་གོའི་སྤྱི་དམངས་ཉུང་ཤས་ཚོས་མཁའ་ཟོན་ཉེན་གཡོལ་དང་འཕྲལ་མཁོའི་དངོས་ཟོག་གྲབས་གསོག་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་དྲན་སྐུལ་བཏང་བ་རེད།