འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཐེ་རོན་ཕུ་2024ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོ་ལ་ཞུགས་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་17ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན། ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུས་ཧའེ་ཧུའུ་གཞིས་ཀར་གཏམ་བཤད་སྤེལ་ནས། 2024ལོའི་ཨ་རིའི་ཙུང་ཐུང་གི་འདེམས་བསྐོ་ཆེན་མོར་དངོས་སུ་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
     དེ་གོང་ཨ་རིའི་སྨྱན་སྦྱོར་མང་པོ་ཞིག་གིས་གནས་འཕྲིན་སྤེལ་ནས། ཐེ་རོན་ཕུས་ཡིག་ཆ་ཕུལ་ནས་སླར་ཡང་ཨ་རིའི་ཙུང་ཐུང་འདེམས་བསྐོའི་ནང་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ཅེས་བཤད་པ་རེད། སྔོན་དཔག་བྱས་ན། ཐེ་རོན་ཕུའི་མདུན་དུ་སྤྱི་མཐུན་ཏང་ནང་ལོགས་ཀྱི་ལོ་ལི་ཏ་མངའ་སྡེ་ཡི་འགོ་འཛིན་ཏེ་སང་ཏི་སི་ཡི་འགྲན་རྩོད་འཕྲད་རྒྱུ་རེད།