འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདིས་ཡུག་རེན་ལ་རོགས་སྐྱོར་འཆར་གཞི་གསར་པ་མཁོ་འདོན་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་17ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

     ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན། སུའེ་ཏེན་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། སུའེ་ཏེན་སྲིད་གཞུང་གིས་ཡུག་རེན་ལ་དམག་དོན་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འཆར་གཞི་གསར་པ་མཁོ་འདོན་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། འཆར་གཞི་དེ་ནི་མིག་སྔར་ཡུག་རེན་ལ་མཁོ་བའི་རོགས་སྐྱོར་གྱི་ནང་དོན་ལ་བསྟུན་ནས་བཟོས་པ་ཞིག་ཡིན་ལ། དེའི་ནང་ཡུག་རེན་ལ་མཁའ་ཟོན་མ་ལག་མཁོ་འདོན་བྱེད་རྒྱུ་སོགས་ཚུད་ཡོད་པ་རེད།
     སུའེ་ཏེན་གྱིས་ཡུག་རེན་ལ་རིན་ཐང་སུའེ་ཏེན་ཁེ་ལིང་7.2(ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་4.89ཙམ)ཡིན་པའི་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་དང་སུའེ་ཏེན་གྱི་ཁེ་ལིང་དུང་ཕྱུར་30(ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་20.36ཙམ)ཡིན་པའི་དམག་དོན་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། འདི་ནི་ད་བར་སུའེ་ཏེན་གྱིས་ཡུག་རེན་ལ་མཁོ་འདོན་བྱས་པའི་གྲངས་ཚད་མཐོ་ཤོས་ཀྱི་རོགས་སྐྱོར་འཆར་གཞི་ཞིག་རེད།