འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ས་ཆ་འདིར་རེ་ངང་གི་རྒྱུན་ཆད་ལ་ཉེ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་16ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཨ་ཧྥེ་རི་ཁ་གླིང་གི་རེ་ངང་ནི་འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱིས་བསྒྲགས་པའི་སྟོངས་ཉེན་ཡོད་པའི་སྲོག་ཆགས་རིགས་ཀྱི་མིང་ཐོ་དམར་པོའི་ཁྲོད་དུ་བཅུག་ཡོད་ལ་སྟོངས་ཉེན་རིམ་པར་གཏོགས། གནས་ས་ནི་ལྷོ་ཨ་ཧྥེ་རི་ཁའི་ཏུང་ཁའེ་ཕུའུ་ཞིང་ཆེན་གྱི་ཨའར་ཀེ་ཡ་མཚོ་ཁུག་ཡིན་ཞིང་། དེ་ནི་ཨ་ཧྥེ་རི་ཁའི་རེ་ངང་གི་འཚོ་སྡོད་བྱེད་ས་ཆེ་ཤོས་ཡིན། འོན་ཀྱང་། མིའི་རིགས་ཀྱི་བྱེད་སྒོ་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་ནས། ས་གནས་དེ་གའི་རེ་ངང་གི་གྲངས་འབོར་ཉུང་དུ་ཕྱིན་ནས་སྟོངས་ཉེར་ཡོད་པ་རེད།
     གསར་འགོད་པ་རྒྱ་མཚོའི་སྐྱེ་དངོས་རིག་པ་མཁས་ཅན་དང་མཉམ་དུ་ཨའར་ཀེ་ཡ་མཚོ་ཁུག་གི་ཧྲེང་ཁེ་ལུའུ་སི་གླིང་ཕྲན་དུ་སྐྱོད་སྐབས། དེ་རུ་སྔོན་མར་འཛམ་གླིང་ཐོག་གི་ཨ་ཧྥེ་རི་ཁའི་རེ་ངང་ཚོགས་སྤྱི་ཆེ་ཤོས་དེ་ཡོད། གནམ་གཤིས་དྲོ་རུ་ཕྱིན་པ་དང་། ཉ་ཚད་བརྒལ་བཟུང་བ། རྡོ་སྣུམ་འཛག་པ། དེ་བཞིན་མཚོ་འོག་ཏུ་བསྐྱོད་སྐབས་བཏང་བའི་འཛེར་སྒྲ་སོགས་ཀྱི་རྐྱེན་པས་ས་དེའི“མཚོན་རྟགས་རང་བཞིན་གྱི་སྐྱེ་དངོས”ལ་བརྩིས་པའི་ཨ་ཧྥེ་རི་ཁའི་རེ་ངང་ལ་ཕྱོགས་མང་པོའི་འཚོ་གནས་ཀྱི་གནོན་ཤུགས་འཕྲད་ཡོད། 
     ལྷོ་ཨ་ཧྥེ་རི་ཁའི་རྒྱ་མཚོའི་སྐྱེ་དངོས་རིག་པ་མཁས་ཅན་ལུའོ་ལི་ཨན•ཕི་ཆེ་ཀེ་ལུའུ་ཡིས། ལོ་ལྔའི་གོང་གླིང་ཕྲན་དེའི་ཐོག་ཨ་ཧྥེ་རི་ཁའིརེ་ངང་ཆ་8500ཡོད། འོན་ཀྱང་། 2016ལོ་ནས་བཟུང་ཚོགས་སྤྱི་དེའི་90%ཙམ་ཉུང་དུ་ཕྱིན་ཡོད་པ་རེད། ད་ལྟ་འདིར་ཨ་ཧྥེ་རི་ཁའི་རེ་ངང་1200ལས་མེད་ཅེས་བཤད་པ་རེད།
     2016ལོར་ཨའར་ཀེ་ཡ་མཚོ་ཁུག་དུ་འགྲོ་འོང་བྱེད་མཁན་གྲུ་གཟིངས་ཀྱིས་དེར་སྣུམ་བླུགས་པའི་བྱེད་སྒོ་སྤེལ་བ་དེས་རེ་ངང་གི་འཚོ་གནས་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། མིག་སྔའི་བར་སྣུམ་འཛག་པའི་དོན་རྐྱེན་4ཐོན་ཡོད་པ་རེད། འབུམ་རམས་པ་ཕི་ཆེ་ཀེ་ལུའུ་ཡིས་འཛེར་སྒྲ་ལས་གཡོལ་ཆེད་རེ་ངང་མང་པོ་ཞིག་ས་ཐག་རིང་པོར་སྤོ་སྲིད་མོད། འོན་ཀྱང་དེ་གར་བཟའ་རྒྱུ་མེད་པས་རེ་ངང་མང་པོ་ཞིག་ཤི་འགྲོ་གི་ཡོད་ཅེས་བཤད།