འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“མི་དེ་བས་མང་བར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁོངས་གཞི་གཅིག་ཅན་གྱི་ཁྲོད་ནས་ཕན་པ་ཐོབ་པར་བྱེད་དགོས”

—— ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའི་ལག་བསྟར་ཀྲུའུ་རེན་ལི་པེ་ཁ·མ་ལི་ཡར་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་16ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

     འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཉན་ཧྲེང་།
     ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པ་ཐེ་ལན་གྱི་པང་ཁོག་ཏུ་འཚོག་ཉེར་ཡོད་པའི་མཚམས་སུ། APECདྲུང་ཡིག་ཁྲུའི་ལག་བསྟར་ཀྲུའུ་རེན་ལི་པེ་ཁ·མ་ལི་ཡས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། “ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བར་ཀྲུང་གོས་ནུས་པ་གལ་ཆེན་ཐོན་བཞིན་ཡོད། སླད་ཕྱིན་ནུས་པ་དེ་བས་ཆེ་བ་ཐོན་ཐུབ་ཀྱི་རེད”ཅེས་བརྗོད་པ་རེད།
     APECཡིས་1993ལོའི་ལོ་འགོར་སིང་ཀ་ཕོར་དུ་དྲུང་ཡིག་ཁྲུའུ་བཙུགས་ནས་རིམ་ཁག་བྱེད་སྒོར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་གི་ཡོད། ལི་པེ་ཁ་ཡིས་2019ལོའི་ཟླ་དང་པོ་ནས་བཟུང་APECདྲུང་ཡིག་ཁྲུའི་ལག་བསྟར་ཀྲུའུ་རེན་གྱི་འགན་འཁུར་ཞིང་། “APECཁོངས་མིའི་འགོ་ཁྲིད་པའི་དྲ་ཕྱིའི་ཚོགས་འདུ་ཐེངས་གོང་མ་འཚོགས་ནས་ལོ་4སོང་འདུག ད་ཐེངས་པང་ཁོག་ཏུ་སླར་ཡང་འཛོམས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། འདི་ནི་མི་སེམས་འགུལ་བའི་ཨེ་ཤེ་ཡའི་མཉམ་འཛོམས་དུས་སྐབས་ཤིག་རེད”ཅེས་བརྗོད།
     ལི་པེ་ཁ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་APECའགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པར་ཞུགས་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་བལྟས་ནAPECཡི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ཀྲུང་གོས་APECལས་སྟེགས་ལ་བཏོན་པའི་མཉམ་ལས་ཇུས་གཞིར་དང་ལེན་རྒྱ་ཁྱབ་ཐོབ་པ་དང་འབྲེལ་དོན་འཁྱོལ་ནུས་ལྡན་བྱུང་ཡོད། ལི་པེ་ཁ་ཡིས་ཁོང་ཡངས་དང་རྒྱུན་སྲིང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་APECཡི་དམིགས་ཚད་གལ་ཆེན་ཞིག་རེད། ཁོང་ཡངས་རང་བཞིན་གྱི་གྲོས་འགོ་དང་བྱ་ཐབས་ཁོ་ནར་མདུན་ལམ་ཡོད་སྲིད། APECཡིས་དཔལ་འབྱོར་འཕར་བར་སྐུལ་འདེད་དང་། ཁེ་ལས་འབྲིང་ཆུང་འཕེལ་རྒྱས། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད། གསོ་སྦྱོང་སློབ་གསོ་འཕེལ་རྒྱས་གཏོང་བ་སོགས་ཁྱབ་ཁོངས་མང་པོར་དོ་ཁུར་བྱེད་ཀྱི་ཡོད། “མི་དེ་བས་མང་བར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁོངས་གཞི་གཅིག་ཅན་གྱི་ཁྲོད་ནས་ཕན་པ་ཐོབ་པ་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ནས་ཕན་པ་ཐོབ་པར་བྱེད་དགོས”ཞེས་བརྗོད།
     “ང་ཚོས་མཉམ་ལས་ལ་སྣང་ཆེན་བྱེད་པ་ལས་ཁ་གཏད་དུ་མི་ལངས་པར་མཉམ་ལས་ལ་གོ་སྐབས་དེ་བས་མང་བ་དང་དྲང་ནུས་དེ་བས་མང་བ་ཡོང་བར་བྱེད་དགོས”ཞེས་ལི་པེ་ཁ་ཡིས་བརྗོད་པ་དང་། ཁོང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། རྒྱལ་ཁབ་མང་པོའི་འགག་སྒོས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་སྨན་བཅོས་སྒྲིག་བཀོད་དང་རིམས་འགོག་དངོས་ཟོག་སྐྱེལ་འདྲེན་ལ་སྟབས་བདེ་བསྐྲུན་པ་དེ་ཐོག་ནས་མཉམ་ལས་ཀྱི་གལ་ཆེའི་རང་བཞིན་གང་ལེགས་མངོན་ཡོད་ཅེས་བརྗོད།
     ལི་པེ་ཁ་ཡིས། མིག་སྔར་གྲངས་འཛིན་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་འཛམ་གླིང་དཔལ་འབྱོར་ལ་རྒྱུན་མཐུད་གསོན་ཤུགས་སྦྱིན་ཡོད། དེ་དང་ཆབས་ཅིག་གྲངས་གཞི་འཁོར་རྒྱུག་ཚད་ལྡན་དུ་གཏོང་བ་དང་། མི་སྒེར་གྱི་གསང་དོན་སྲུང་སྐྱོང་བྱེད་པ། དྲ་རྒྱའི་བདེ་འཇགས་འགན་ལེན་བྱེད་པ་སོགས་ནི་མི་རྣམས་ཀྱི་འགྲན་སློང་ཞིག་ཏུ་འགྱུར་བཞིན་ཡོད། ཕྱོགས་ཁག་གིས་གྲངས་འཛིན་དཔལ་འབྱོར་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་ལ་སྟངས་འཛིན་བྱས་ནས་ཚད་གཞི་མཐོ་བའི་གྲངས་འཛིན་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས། “APECཡིས་ཕྱོགས་ཁག་གི་མཉམ་ལས་ལ་དགེ་མཚན་ལྡན་པའི་ཁོར་ཡུག་བཏོད་ནས་དཔལ་འབྱོར་སྒྲིག་གཞི་ཁག་གིས་མི་མཐུན་པའི་ཆ་དོར་ནས་མཉམ་ལས་ཀྱི་ཐབས་ལམ་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་བརྗོད་པ་རེད།