འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཉེས་གསོག་དོགས་ཅན་48འཛིན་བཟུང་བྱས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་15ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཐུར་ཁེའི་སྨྱན་སྦྱོར་གྱིས་ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་སི་ཐན་པུར་གྱི་རང་ཚུགས་ཁྲོམ་གཞུང་དུ་ཐོན་པའི་འབར་གས་འཇབ་རྒོལ་དོན་རྐྱེན་དང་འབྲེལ་བ་ཡོད་པའི་བརྟག་དཔྱད་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་པ་དང་། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པའི་ཉེས་གསོག་དོགས་ཅན་48དུ་ཟིན་ཡོད་པའི་ནང་མི་37ནི་ཕྱི་རྒྱལ་བ་ཡིན་པ་རེད།
     ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཀྱང་འབར་མདེལ་བཞག་དོགས་ཡོད་པའི་བུད་མེད་ཉེས་གསོག་དོགས་ཅན་ཨ་ཧོ་ལན•ཨའར་པ་ཞིའར་གྱི་དབྱི་སི་ཐན་པུར་གྱི་སྡོད་གནས་ལ་སྔོག་བཤེར་བྱས་ཚེ། ཨ་སྒོར་3800དང་། ཡོ་རོབ་སྒོར་མོ་5000 ཐུར་ཁེའི་ལི་ལ་10000དེ་བཞིན་ནོར་བུ་དང་རྒྱན་ཆ་འབོར་ཆེན་རྙེད་ཐུབ་ཡོད། 
     ས་གནས་དེ་གའི་དུས་ཚོད་ཚེས་13ཉིན་གྱི་ཕྱི་དྲོར། ཐུར་ཁེའི་གྲོང་ཁྱེར་ཆེ་ཤོས་དབྱི་སི་ཐན་པུར་གྲོང་ཁྱེར་གྱི་ལྟེ་བའི་རང་ཚུགས་ཁྲོམ་གཞུང་དུ་འབར་གས་བྱུང་ནས་ཉུང་མཐར་ཡང་མི་6རྐྱེན་ལམ་དུ་ཤོར་བ་དང་མི་81ལ་རྨས་སྐྱོན་ཕོག་ཡོད་པ་རེད།