འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“དུས་རབས་གསར་པའི་ཀྲུང་གོའི་སྤྱིར་བཏང་མིན་པའི་ལོ་བཅུའི”པར་རིས་འགྲེམས་སྟོན་ཨུ་རུ་སུར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་15ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང“དུས་རབས་གསར་པའི་ཀྲུང་གོའི་སྤྱིར་བཏང་མིན་པའི་ལོ་བཅུ”ཞེས་པའི་པར་རིས་འགྲེམས་སྟོན་མོ་སི་ཁོའི་ཀྲུང་གོའི་ཚོང་དོན་ལྟེ་གནས་སུ་འགོ་ཚུགས་པ་དང་། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་སུན་ཝུའེ་ཏུང་དང་། ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ས་ནཱ་ཁོ་ཡེ་ཧྥུའུ་སོགས་ཀྲུང་གོ་དང་ཨུ་རུ་སུའི་ལས་རིགས་ཁག་གི་འཐུས་མི་བརྒྱ་ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད།
     ད་རེས་ཀྱི་པར་རིས་འགྲེམས་སྟོན་དེ་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པ་དང་། པར་རིས་འགྲེམས་སྟོན་དེ་སྔོན་འགྲོ་དང“རྒྱུན་མཐུད་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་པ”དང་། “བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པ” “བཅོས་སྐྱོང་གི་ཕན་ནུས་མཐོར་གཏོང” “མི་དམངས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ” “མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན”བཅས་ལེ་ཚན་ལྔ་ལས་གྲུབ་པར་པར་རིས་སྤུས་ལེགས་251བསྡུས་པ་དེ་དག་གིས་དུས་རབས་གསར་པའི་ཀྲུང་གོའི་སྤྱིར་བཏང་མིན་པའི་ལོ་བཅུའི་རིང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམངས་འཚོ། ཕྱི་འབྲེལ་སོགས་ཀྱི་ཁྱབ་ཁོངས་སུ་ཐོན་པའི་ངོ་མཚར་ཆེ་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་པ་དང་། ཀྲུང་གོ་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ནས་ཕུགས་འདུན་དོན་གཉེར་བྱས་ཚུལ་ཟིན་ཐོར་བཀོད་པ། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་མཉམ་དུ་ཡར་རྒྱས་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་མངོན་པ་བཅས་བྱས་ཡོད།
     སུན་ཝུའེ་ཏུང་གིས། དུས་རབས་གསར་པའི་ཀྲུང་གོའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ནི་ཁྱོན་ཡོངས་ལ་ཁྱབ་པའི་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་འཕོ་འགྱུར་ཞིག་རེད་ལ། ཀྲུང་ཧྭ་མི་རིགས་ཡར་ལངས་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་འགྲོ་བའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་ཞིག་ཀྱང་རེད་ཅེས་གསུངས།
     ས་ནཱ་ཁོ་ཡེ་ཧྥུའུ་ཡིས། དུས་རབས་གསར་པའི་ལོ་བཅུའི་རིང་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པའི་འགག་རྩ་ནི་སྟོབས་དང་ལྡན་པའི་སྲིད་ཏང་གི་དབུ་ཁྲིད་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་ལས་བྱུང་བ་ཞིག་རེད། ཉིན་ཤས་གོང་གྲོལ་བའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་འཛམ་གླིང་ཡོངས་ཀྱིས་དོ་ཁུར་རྒྱ་ཁྱབ་ཏུ་བྱས་པ་མ་ཟད། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན”ཞེས་པའི་བརྗོད་ཚུལ་དེས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་ཞེས་གསུངས་པ་རེད།