འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུག་རེན་གྱིས་ཨུ་རུ་སུ་དང་ཞི་བའི་གྲོས་མོལ་བྱེད་པའི་དུས་ཚོད་ཁྱབ་བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་14ཉིན། 16:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཨུ་རུ་སུ་དང་ཡུག་རེན་བར་གདོང་གཏུག་བྱུང་ནས་ཟླ་9ཙམ་སོང་བ་དང་། དུས་བབ་སྔར་ལས་རྙོག་འཛིང་ཆེ་རུ་ཕྱིན་ཡོད། ཚེས་12ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས“ཨུ་རུ་སུ་དང་ཡུག་རེན་བར་སྐད་ཆ་ཤོད་རེས་བསྐྱར་དུ་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད”ཅེས་བསྟན་པ་རེད།
     ཚེས་12ཉིན། ཁམ་ཕུ་ཁྲེར་འཚོགས་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་ཚོགས་འདུའི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་དང་འབྲེལ་ཡོད་ཀྱི་དྲི་བར་ལན་འདེབས་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བདེ་ཆེད་ཕན་པའི་ཆ་རྐྱེན་གཏོད་དགོས་པ་དང་། ཨུ་རུ་སུ་དང་ཡུག་རེན་བར་སྐད་ཆ་ཤོད་རེས་བསྐྱར་དུ་བྱེད་པ་དང་འབྲེལ་ཞི་བདེའི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་འགོ་འཛུགས་རྒྱུ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བཤད་པ་རེད།
     ཨུ་རུ་སུ་དང་ཡུག་རེན་བར་གྱི་ཞི་བའི་གྲོས་མོལ་ཐད། ཚེས་7ཉིན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས། ཨུ་རུ་སུ་ཕྱོགས་ཀྱིས་ཡུག་རེན་དང་ཞི་བའི་གྲོས་མོལ་བྱ་རྒྱུའི་ཐད་སྔ་ཕྱི་བར་གསུམ་དུ་སྒོ་དབྱེའི་ལངས་ཕྱོགས་འཛིན་གྱི་ཡོད་ཅེས་བརྗོད་པ་རེད། ཚེས་12ཉིན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ལྷན་རྒྱལ་སྤྱིའི་ལས་དོན་ཨུ་ལྷན་གྱི་ཁོངས་མི་ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་བར་ཞི་བའི་གྲོས་མོལ་ངེས་པར་དུ་བྱེད་སྲིད་མོད། འོན་ཀྱང་དུས་ནམ་ཞིག་ལ་འཚོག་རྒྱུ་དེ་ཨ་རི་དང་ཡོ་རོབ་མནའ་འབྲེལ་སོགས་ཡུག་རེན་ཕྱོགས་ཀྱི་ནུབ་ཕྱོགས་རོགས་ཟླར་རག་ལས་ཡོད་ཅེས་བཤད་པ་རེད། ཚའེ་ཁོ་ཧྥུའུ་ཡིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་བའི་གྲོས་མོལ་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་མ་ཟད། གྲོས་མོལ་བྱེད་འགོ་ཚུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་གཏུག་མུ་མཐུད་དུ་སློང་མཚམས་བཞག་དགོས་པ་དེ་རེད། ཁོང་གིས་མིག་སྔར་ཡུག་རེན་གྱིས་འཛིན་པའི་ལངས་ཕྱོགས་ཀྱི་དབང་གིས་ཕྱོགས་གཉིས་པོའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པའི་སྲིད་ཕྱོད་ཆེན་པོ་མེད་པའི་ངོས་འཛིན་བྱས་པ་རེད།
     དེའི་ཐད་རྒྱལ་སྤྱིའི་ཡིག་རིགས་ཁྱབ་སྤེལ་གློག་འཕྲིན་ཁང་ཞིག་གིས་ཚེས་12ཉིན་གྱི་ཅུང་ཕྱི་བའི་དུས་ཚོད་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཡུག་རེན་གྱི་སྲིད་འཛིན་ཏང་གི“མི་དམངས་ཀྱི་སྤྱི་ཞབས་པའི”ཏང་ཚོགས་ཀྱི་ཀྲུའུ་ཞི་ཨ་ལ་ཧ་སྨི་ཡ་ཡིས་ཉིན་དེར་བཤད་དོན། ཡུག་རེན་གྱིས་2023ལོའི་ལོ་སྨད་དུ་ཨུ་རུ་སུ་དང་ཞི་བའི་གྲོས་མོལ་སླར་གསོ་བྱེད་སྲིད་ཅེས་བཤད་པ་རེད། དེ་གོང་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་གཏམ་བཤད་སྤེལ་ནས་ཁོ་རང་ལ་ཨུ་རུ་སུ་དང་གྲོས་མོལ་བྱེད་འདོད་ཡོད་མོད། འོན་ཀྱང་ཨུ་རུ་སུ་ཕྱོགས་ལ་ཡུག་རེན་གྱི་མངའ་ཁོངས་ཆ་ཚང་སླར་གསོ་དང་ཡུག་རེན་གྱི་གྱོང་གུན་མཐའ་དག་ལ་སྐྱིན་ཚབ་འཇལ་དགོས་པའི་བླང་བྱ་སོགས་ཆ་རྐྱེན་ལྔ་བཏོན་ཡོད་པ་རེད།