འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁོང་མོ་ཀྲུང་གོའི་གསང་མྱུལ་བ་མིན་པས་ཨ་རི་དང་འདུམ་འགྲིག་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་14ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་10ཉིན། རྒྱལ་ཁོངས་ཨ་རི་ཡིན་པའི་ཀྲུང་གོ་བ་ཆུ་དཔྱད་རིགས་གཅིག་མཁས་ཅན་ཁྲེན་ཞ་ཧྥེང་གིས་རང་ཉིད་ལ་ནོར་འཁྲུལ་གྱི་ཞུ་གཏུག་བྱས་པ་དང་། ལས་གནས་ནས་ཕུད་པའི་ཞུ་གཏུག་གཉིས་ཐད་ཨ་རི་སྲིད་གཞུང་དང་འདུམ་འགྲིག་གི་གྲོས་མཐུན་བཞག་ཅེས་བཤད་པ་རེད། 
     ཁྲེན་ཞ་ཧྥེང་གིས་ཡོངས་བསྒྲགས་འཕྲིན་ཡིག་ཅིག་གི་ནང་། ཨ་རིའི་ཚོང་དོན་པུས་མོ་ལ་ཨ་སྒོར་ཁྲི་55སྐྱིན་ཚབ་འཇལ་རྒྱུ་ཡིན་པ་དང་། ཁོང་གིས་ལོ་བཅུའི་དུས་ཚོད་ནང་ཨ་རི་སྲིད་གཞུང་ནས་ཁྱོན་ཨ་སྒོར་ཁྲི་125ཡི་ལོ་ཕོགས་ཐོབ་རྒྱུ་རེད་ཅེས་བཤད་པ་རེད། གཞན་ཡང་ཨ་རིའི་ཚོང་དོན་པུས་མཐོ་རིམ་དཔོན་རིགས་ཤིག་དང་ལྐོག་ཏུ་ཐུག་འཕྲད་བྱ་རྒྱུའི་བཀོད་སྒྲིག་བྱེད་བཞིན་ཡོད་པ་དང་། པུའུ་དེས་ད་དུང་གཟེངས་བསྟོད་ཡི་གེ་ཞིག་བསྐུར་ནས་ཁོང་མོས་ཨ་རིའི་སྲིད་གཞུང་གི་ཆུ་དཔྱད་རིགས་གཅིག་མཁས་ཅན་གྱི་འགན་འཁུར་རིང་ཐོབ་པའི་གྲུབ་འབྲས་ཁས་ལེན་བྱ་རྒྱུ་རེད། 
     ཁྲེན་ཞ་ཧྥེང་གིས་སྔོན་ཆད་ཨ་རིའི་རྒྱལ་ཁབ་གནམ་གཤིས་ཅུས་སུ་ལས་ཀ་བྱེད་ཀྱི་ཡོད། 2012ལོར་ཨ་རིའི་ཚོང་དོན་པུའི་ཁོངས་གཏོགས་ཀྱི་བརྟག་དཔྱད་དང་འཇིགས་སྐུལ་དོ་དམ་ཅུས་ཀྱིས་ཁྲེན་ཞ་ཧྥེང་ལ་ཁྲིམས་འགལ་ངང་བརྟག་དཔྱད་བྱེད་འགོ་ཚུགས་པ་རེད། 2014ལོར། ཁོང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་དང་ཁྲིམས་འཛིན་པུས“གསང་མྱུལ་གྱི་ཉེས་པའི”དོགས་གཞིའི་ཐོག་ནས་འཛིན་བཟུང་དང་ཞུ་གཏུག་བརྒྱབ་པ་རེད། 2015ལོར། ཞིབ་དཔྱོད་ཕྱོགས་ཀྱིས་འགྲེལ་བཤད་མ་བརྒྱབ་པའི་གནས་ཚུལ་འོག་ཞུ་གཏུག་ཕྱིར་འཐེན་བྱས་མོད། འོན་ཀྱང་ལས་གནས་ནས་ཕྱིར་འབུད་བྱས་པའི་ཁྲེན་ཞ་ཧྥེང་གིས་ད་བར་ལས་ཀ་སླར་གསོ་བྱེད་ཐུབ་མེད། མོས་དེའི་དོན་དུ་གཏུག་བཤེར་བྱས་པ་རེད།
     ཁྲེན་ཞ་ཧྥེང་ལ་འཕྲད་པའི་གནད་དོན་ཐད་ཨ་རིའི་རྒྱལ་ནང་དུ་རྩོད་གླེང་ཆེན་པོ་ཞིག་བྱུང་ནས། རྒྱ་ཁྱབ་ངང་ཀྲུང་གོ་བར་མཐོང་ཆུང་བྱེད་པའི་དཔེ་མཚོན་ཞིག་ཡིན་པར་འདོད་པ་རེད།