འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དཀར་མཛེས་ཁུལ་གྱི་འགོ་ཁྲིད་དཔལ་ལྡན་ལ་བརྟག་དཔྱད་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་10ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དཀར་མཛེས་ཁུལ་བྲག་འགོ་རྫོང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་། དེ་སྔའི་རྫོང་དཔོན། རིམ་པ་གཉིས་པའི་སྐོར་ཞིབ་པ་དཔལ་ལྡན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
     དཔལ་ལྡན་གྱི་ལོ་རྒྱུས་མདོར་བསྡུར། 
     དཔལ་ལྡན། སྐྱེས་པ། བོད་རིགས། 1963ལོའི་ཟླ་10པར་སྐྱེས། སི་ཁྲོན་རྟའུ་རྫོང་ནས་ཡིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་ཐོག་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། 
     1981ལོའི་ཟླ་8པར་ལས་ཀར་ཞུགས་པ་དང་1985ལོའི་ཟླ་8པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས།
     1981ལོའི་ཟླ་8པ་ནས་1984ལོའི་ཟླ་8པའི་བར་རྟའུ་རྫོང་དགེ་ཤེས་ཤང་དུ་ལས་ཀ་བྱས།
     1984ལོའི་ཟླ་8པ་ནས་2001ལོའི་ཟླ་10པའི་བར་སྔ་རྗེས་སུ་རྟའུ་རྫོང་དགེ་ཤེས་ཤང་གི་ཤང་ཀྲང་གཞོན་པ་དང་། མ་ཟུར་ཤང་གི་ཤང་ཀྲང་། ཏང་ཨུའི་ཧྲུའུ་ཅི། རྫོང་དང་ཤང་གི་ཁེ་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ། ཕྱག་རི་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲུའུ་ཅི། རྫོང་འཆར་འགོད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་འཁུར། 
     2001ལོའི་ཟླ་10པ་ནས་2003ལོའི་ཟླ་1པོའི་བར་སྔ་རྗེས་སུ་ཉག་རོང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དང་། རྫོང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཡི་འགན་འཁུར།
     2003ལོའི་ཟླ་1པོ་ནས་2006ལོའི་ཟླ་9པའི་བར་སྔ་རྗེས་སུ་དཔལ་ཡུལ་རྫོང་ཨུའི་རྒྱུན་ཨུ་དང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་འཁུར། 
     2006ལོའི་ཟླ་9པ་ནས་2011ལོའི་ཟླ་10པའི་བར་ཉག་ཆུ་རྫོང་ཨུའི་རྒྱུན་ཨུ་དང་། རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པའི་འགན་འཁུར།
     2011ལོའི་ཟླ་10པ་ནས་2021ལོའི་ཟླ་5པའི་བར་སྔ་རྗེས་སུ་བྲག་འགོ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། རྫོང་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། རྫོང་དཔོན། རིམ་པ་དང་པོའི་བརྟག་ཞིབ་པ། རིམ་པ་གཉིས་པའི་སྐོར་ཞིབ་པ་བཅས་ཀྱི་འགན་འཁུར། 
     2021ལོའི་ཟླ་5པ་ནས་ད་བར་བྲག་འགོ་རྫོང་གི་རིམ་པ་གཉིས་པའི་སྐོར་ཞིབ་པའི་འགན་འཁུར།