འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་30ཉིན།

༄༅།།ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་བར།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་30ཉིན། 17:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་29ཉིན་གྱི་ཕྱི་དྲོ་རྒྱལ་སྲུང་པུས་གསར་འགོད་པའི་རྒྱུན་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་ཐན་ཁེ་ཧྥེ་ཡིས་གསར་འགོད་པའི་དྲི་བར་ལན་བསྐྱོན། 
གསར་འགོད་པ། གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་དང་རྒྱ་གར་དམག་དཔུང་གཉིས་ཀྱི་ཅ་ནན་ཏ་པན་འཐབ་ཕྱོགས་དང་པོའི་དཔུང་སྡེའི་འབྲེལ་གཏུག་མེད་པ་བརྗོད་ཡོད། དབྱེ་ཞིབ་ཞིག་ཏུ་དེ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཞི་ལྷོད་དུ་འགྲོ་བར་ཕན་པ་ཡོད་པའི་ངོས་འཛིན་བྱས་འདུག  མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡོད་དམ། 
   ཐན་ཁེ་ཧྥེ་ཡིས། ཀྲུང་གོ་དང་རྒྱ་གར་གྱི་རེས་སྐོར་བཅུ་དྲུག་པའི་ཅུན་དཔོན་རིམ་པའི་གྲོས་མོལ་ཐོག་བྱུང་བའི་ཐུན་མོང་གི་ངོས་འཛིན་ལ་གཞིགས་ནས། ཕྱོགས་གཉིས་པོའི་ཅ་ནན་ཏ་པན་འཐབ་ཕྱོགས་དང་པོའི་དཔུང་སྡེས་ཉེ་དུས་དུས་གཅིག་ཏུ་འཆར་གཞི་ཡོད་པའི་ངང་ནས་འབྲེལ་གཏུག་དང་ཁ་འབྲལ་རྒྱུ་རྩ་འཛུགས་བྱེད་ཀྱི་ཡོད། དེ་ནི་ཕྱོགས་གཉིས་པོས་ཕྱི་འབྲེལ་དམག་དོན་གྱི་རིམ་པ་ཁག་གི་གྲོས་མོལ་བརྒྱུད། མཐའ་མཚམས་ཀྱི་འབྲེལ་ཡོད་དོན་རྐྱེན་ཐག་གཅོད་བྱས་པར་ཐོབ་པའི་གྲུབ་འབྲས་ཤིག་ཡིན་པས། མཐའ་མཚམས་ས་ཁུལ་ཞི་བདེ་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད། ང་ཚོས་ཕྱོགས་གཉིས་པོས་མུ་མཐུད་ཁ་ཕྱོགས་གཅིག་པར་བསྐྱོད་དེ། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་དམག་དཔུང་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ལ་དམིགས་ཏེ། རྒྱལ་ཁབ་གཉིས་པོའི་གྲོས་ཆོད་དང་གྲོས་མཐུན་ལ་བརྩི་སྲུང་ནན་པོ་ཞུས་ནས། འབྲེལ་གཏུག་དང་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་དང་། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ནུས་ལྡན་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་བརྗོད།