འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་30ཉིན།

༄༅།།གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་ཡོད་ཟེར། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་30ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་གཉེར་བ་དབྱི་ཝུའེ་ལ་ཡིས་སུའེ་ཙེར་གྱི་ཇེ་ནེ་ཝར་བཤད་དོན། ཉམས་ཉེན་མང་པོའི་ཤུགས་རྐྱེན་འོག་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་ཡོད། ཁོང་གིས་དྲག་སྐྱོད་ཀྱི་སྲིད་ཇུས་ལ་བརྟེན་ནས་དཔལ་འབྱོར་འཕར་སྣོན་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས།
     དབྱི་ཝུའེ་ལ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། ས་བབ་ཀྱི་དུས་བབ་ཛ་དྲག་འགྱུར་བ་དང་། གནམ་གཤིས་འགྱུར་ལྡོག་གི་ཉམས་ཉེན་ཐུག་པ། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་འཕར་བ། དེ་བཞིན་ཏོག་གསར་རིམས་ནད་རྒྱུན་མཐུད་པ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པར་བརྟེན། ཚོང་དོན་དམིགས་ཚད་ཁག་ཡག་པོ་མེད་པ་དང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་ཡོད་ཅེས་བཤད་པ་རེད། ཁོ་མོས་མིག་སྔར་བལྟས་ན་རྒྱལ་ཁབ་ཁག་གི་ཀྲུང་དབྱང་དངུལ་ཁང་གིས་སྐྱེད་ཚད་མཐོར་འདེགས་གཏོང་བ་མ་གཏོགས་ཐབས་གཞན་མེད་པ་རེད། འོན་ཀྱང་དེས་ཀྱས་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། དཔེར་ན་མ་རྩ་ཕྱི་རུ་ཤོར་བ་སོགས་བྱུང་བའི་ངོས་འཛིན་བྱས། 
     འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་གཉེར་བ་དབྱི་ཝུའེ་ལ་ཡིས། མིག་སྔར་གོ་ལ་ཧྲིལ་པོ་དཀའ་ཚེགས་ཧ་ཅང་ཆེ་བའི་གནས་སུ་གྱར་ཡོད། གནས་ཚུལ་དེ་རིགས་འོག་ང་ཚོས་ཉམས་ཉེན་སྣ་ཚོགས་ལ་ཁ་གཏད་གཅོག་དགོས་ཀྱི་ཡོད། ངས་དུས་རྒྱུན་དུ་དེ་ལ་ཉེན་ཁ་སྣ་ཚོགས་ཞེས་བརྗོད་ཀྱི་ཡོད། དུས་མཚུངས་སུ་ཕྱི་རོལ་གྱི་གདོང་ཐུག་སྣ་ཚོགས་ཡོད་ཅེས་བཤད་པ་རེད།
     དབྱི་ཝུའེ་ལ་ཡིས། རྒྱལ་ཁབ་ཁག་གིས་ངེས་པར་དུ་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་མ་གཏོང་རྒྱུར་བསམ་གཞིག་བྱེད་དགོས་པ་མ་ཟད། ཐ་ན་དྲག་སྐྱོད་ཀྱི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་འཕར་རྒྱུ་སླར་གསོ་བྱེད་དགོས། གཞན་ཡང་རྒྱལ་ཁབ་ཁག་གི་ཀྲུང་དབྱང་དངུལ་ཁང་གིས་ཀྱང་དངུལ་ལོར་འགྲེམས་ཐལ་ཤོར་བ་དང་། ཁེ་ལས་མཐོ་གྲས་ལ་ཡང་སྙིང་དགོས་མཁོ་ཆེ་བའི་ཤུགས་རྐྱེན་ཐེབས་ཡོད་དམ་ཡང་ན་མཁོ་སྤྲོད་སྦྲེལ་ཐག་ཐད་ཀྱི་གྲུབ་ཆའི་རང་བཞིན་གྱི་གནད་དོན་དང་འབྲེལ་བ་ཡོད་མེད་གཏན་འཁེལ་བྱེད་དགོས་ཞེས་བསྟན་པ་རེད།