༄༅།།ཧང་ག་རིས་ཨུ་རུ་སུའི་ནུས་ཁུངས་ཐད་བཀག་སྡོམ་བྱེད་པར་རྒྱབ་སྐྱོར་མི་བྱེད་ཟེར།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 09ཚེས་30ཉིན། 14:07】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧང་ག་རིའི་ཙུང་ལི་ལས་ཤག་གི་པུའུ་ཀྲང་ཀུའུ་ཡ་ཧྲི་ཀའེ་ཨེར་ཀའེ་དབྱི་ཡིས། གལ་ཏེ་ཡོ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུར་རེས་སྐོར་བརྒྱད་པའི་བཀག་སྡོམ་ཇུས་གཞིའི་ནང་། ནུས་ཁུངས་བཀག་སྡོམ་ཚུད་ཡོད་ཚེ་ཧང་ག་རི་ཡིས་རྒྱབ་སྐྱོར་ཐོབ་མི་སྲིད་ཅེས་བཤད་པ་རེད།
ཉིན་ཤས་གོང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨུ་རུ་སུར་རེས་སྐོར་གསར་པའི་བཀག་སྡོམ་ལག་བསྟར་བྱ་རྒྱུའི་གྲོས་འགོ་བཏོན་པ་དེའི་ནང་དེ་བས་ནན་པའི་ཉོ་ཚོང་ཚོད་འཛིན་དང་། མི་སྒེར་དང་དངོས་ཚན་གྱི་མིང་ཐོ་ནག་པོ་དང་དེ་བཞིན་རྡོ་སྣུམ་གྱི་རིན་གོང་ཚད་བཀག་སོགས་ཚུད་ཡོད།
ཀུའུ་ཡ་ཧྲི་ཡིས། ཧང་ག་རིས་ཡོ་རོབ་མནའ་འབྲེལ་གྱི་མཐུན་སྒྲིལ་སྲུང་སྐྱོང་བྱེད་ཆེད་ལས་ཀ་ཧ་ཅང་མང་པོ་བྱས་ཡོད་མོད། འོན་ཀྱང་ཨུ་རུ་སུར་ནུས་ཁུངས་ཐད་བཀག་སྡོམ་གསར་བ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་མི་སྲིད། ང་ཚོས་ཆེས་མཐར་ཐུག་གི་ཆ་ཚང་བའི་བཀག་སྡོམ་གྱི་གསལ་ཐོ་ལ་སྒུག་ཡོད། དེའི་རྗེས་སུ་ང་ཚོས་གྲོས་མོལ་བྱ་རྒྱུ་ཡིན་ལ་ཧང་ག་རིས་ནུས་ཁུངས་ཐད་བཀག་སྡོམ་བྱེད་པར་རྒྱབ་སྐྱོར་བྱེད་མི་ཐུབ་ཟེར།