འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་30ཉིན།

༄༅།།ཨུ་རུ་སུས་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་30ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་28ཉིན། ཨུ་རུ་སུའི་སྤྱི་ཁྱབ་ཞིབ་དཔྱོད་འགོ་འཛིན་གྱི་གཞུང་ལས་ཁང་གིས་གསལ་བསྒྲགས་ཤིག་གི་ནང་དུ། ཉེ་ཆར“པའེ་ཞི”རང་བྱུང་སོལ་རླངས་སྦུག་ལམ་ལ་གཏོར་བརླག་ཐེབས་པའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་གྱོད་དོན་ཐོ་འགོད་བྱས་ཟིན་པ་དང་། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་ཕུལ་བའི་དཔྱད་ཡིག་གཞིར་བཟུང་ནས། དོན་རྐྱེན་འདིར་ཐོག་མའི་བརྟག་དཔྱད་བྱས་ཟིན་ཞེས་བཤད་ཡོད། 
     ཟླ་9ཚེས་29ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས། “པའེ་ཞི”རང་བྱུང་སོལ་རླངས་ཟགས་པའི་གནས་ནི་ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱིས་ཚོད་འཛིན་བྱེད་པའི་ས་ཁོངས་སུ་གནས་ཡོད་ཅེས་བཤད་པ་རེད། ཀྲ་ཧ་ལོ་ཝ་ཡིས་ད་དུང་། “པའེ་ཞི”རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ཟགས་པའི་དོན་རྐྱེན་དེ་སུའེ་ཏེན་དང་ཏེན་མག་གི་ཆེད་གཏོགས་དཔལ་འབྱོར་ཁུལ་གྱི་མཚོ་ཁོངས་སུ་བྱུང་ཡོད། ཁོ་ཚོ་ཚང་མ་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་འདི་དག་ཨ་རིའི་གསང་འཕྲིན་སྡེ་ཁག་གི་ལྟ་སྐུལ་ཚོད་འཛིན་གྱི་འོག་ཏུ་ཡོད། ཨུ་རུ་སུས་དོན་འདིའི་ཐད་ཨ་རི་དང་འབྲེལ་གཏུག་ནན་མོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།