འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་30ཉིན།

༄༅།།ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་བྱས་དོན། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་30ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་པ་གཞོན་པ་ཀེང་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དངོས་དོན་གཉེར་བའི་རྣམ་འགྱུར་ཐོག་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནས་སྐབས་སྲིད་གཞུང་དང་འབྲེལ་འདྲེས་རྒྱུན་འཁྱོངས་བྱ་དགོས་པའི་འབོད་སྐུལ་བྱས།
     ཀེང་ཧྲོང་གིས་འདས་ཟིན་པའི་ལོ་ངོ་20ཡི་ལོ་རྒྱུས་ཐོག་ནས་དམག་དོན་ཐེ་གཏོགས་ཀྱིས་རྩ་བ་ནས་གོ་མི་ཆོད་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་མདུན་ལམ་དང་ལས་དབང་ནི་ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་རང་ཉིད་ཀྱིས་ཐག་གཅོད་བྱ་དགོས་པ་ཡང་བསྐྱར་ར་སྤྲོད་བྱུང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དངོས་དོན་གཉེར་བའི་རྣམ་འགྱུར་ཐོག་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནས་སྐབས་སྲིད་གཞུང་དང་འབྲེལ་འདྲེས་བྱ་རྒྱུ་རྒྱུན་འཁྱོངས་དང་མཛུབ་སྟོན་བྱས་ནས། ཨ་ཧྥུ་ཀ་ནི་སི་ཐན་གྱི་གནས་སྐབས་སྲིད་གཞུང་གིས་ཁོང་ཡངས་ཀྱི་སྲིད་དབང་འཛུགས་པ་དང་ཞི་འཇམ་ངང་སྲིད་སྐྱོང་བར་རོགས་རམ་བཅས་བྱ་དགོས། ཨ་ཧྥུ་ཀ་ནི་སི་ཐན་གྱི་གནས་སྐབས་སྲིད་གཞུང་ལ་སྐྱོན་བརྗོད་དང་གནོན་ཤུགས་སྤྲོད་པ་སོགས་བྱས་ན་འགལ་ཟླ་ཇེ་ཟབ་ཏུ་གཏོང་རྒྱུ་ལས་ཐབས་གཞན་མེད་ཅེས་བཤད་པ་རེད། 
     ཀེང་ཧྲོང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་རམ་བྱས་ནས་མི་ཆོས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་བ་དང་། དཔལ་འབྱོར་བརྟན་ལྷིང་ཡོང་བ་བྱ་རྒྱུ་དེ་ཛ་དྲག་ཆེ་ཤོས་ཀྱི་དམིགས་བསལ་བྱ་བ་ཞིག་ཏུ་བརྩི་དགོས་པ་ལས། མི་ཆོས་དང་དཔལ་འབྱོར་གྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་མི་རུང་བ་དང་། ཕྱི་རྒྱལ་དུ་བཀག་སྐྱིལ་བྱས་པའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱུ་ནོར་དེ་དམངས་འཚོ་ལེགས་བཅོས་དང་དཔལ་འབྱོར་བསྐྱར་སྐྲུན་ཐད་གང་མགྱོགས་སྤྱོད་དགོས། ཨ་ཧྥུ་ཀ་ནི་སི་ཐན་ལ་བདེ་འཇགས་དང་། འཇིགས་སྐུལ་ལ་ངོ་རྒོལ། དུག་རྫས་གཏན་འགོག ཡུལ་འཁྱར་པ་སོགས་ཀྱི་གནད་དོན་མང་པོ་འཕྲད་ཡོད་པས། ཕྱོགས་བསྡུས་ཀྱིས་སྲིད་ཇུས་ལག་བསྟར་བྱས་ཏེ། འབྱུང་རྩའི་ཐོག་ནས་ཐག་གཅོད་བྱེད་ཐབས་འཚོལ་དགོས་ཞེས་བཤད་པ་རེད།