འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་30ཉིན།

༄༅།།སྡོད་ཁང་ཐོག་མའི་དངུལ་བུན་སྐྱེད་ཀ་དམའ་རུ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་30ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་29ཉིན། མི་དམངས་དངུལ་ཁང་དང་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས། དུས་མཚམས་རང་བཞིན་གྱི་སྒོ་ནས་ཧེ་བག་ཅན་གྱི་སྡོད་ཁང་གི་ཡིད་རྟོན་དངུལ་བུན་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་སྲིད་གཞུང་གིས་2022ལོའི་ལོ་མཇུག་གོང་ས་གནས་དེ་གའི་གསར་དུ་ཁྱབ་བསྒྲགས་བྱས་པའི་ཐོག་མའི་སྡོད་ཁང་གི་དངུལ་བུན་སྐྱེད་ཚད་ཀྱི་ཚད་གཞི་དུས་མཚམས་རང་བཞིན་གྱིས་རྒྱུན་འཁྱོངས་དང་། མར་གཅོག་པའམ་ཡང་ན་མེད་པར་བཟོ་བ་རང་བདག་གིས་གཏན་འབེབས་བྱས་ཆོག 
     སྲིད་ཇུས་ཀྱི་བྱེད་ཐབས་བཏོན་པ་དེས་གྲོང་ཁྱེར་སྲིད་གཞུང་གིས“གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པར”སྲིད་ཇུས་ཀྱི་ཡོ་བྱད་སྒམ་གང་ལེགས་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་ནས། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད། ས་གནས་དེ་གའི་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་། དངུལ་ཁང་དང་མཁོ་མཁན་གྱིས་གསར་དུ་ཁྱབ་བསྒྲགས་བྱས་པའི་ཐོག་མའི་སྡོད་ཁང་གི་དངུལ་བུན་སྐྱེད་ཚད་ཆུ་ཚད་གྲོས་མོལ་ཞིབ་ཕྲ་བྱས་ནས་གཏན་འབེབས་བྱས་ན། གྲོང་མིའི་སྐྱེད་ཀའི་གཏོང་སྒོ་ཉུང་དུ་བཏང་སྟེ་སྡོད་ཁང་དགོས་མཁོ་ཅན་ལ་དེ་བས་ལེགས་པའི་སྒོ་ནས་སྡོད་ཁང་གི་རྒྱབ་སྐྱོར་བྱ་རྒྱུར་ཕན་པ་ཡོད།
     བྱེ་བྲག་གིས་བལྟས་ན། གཅིག་ནས་2022ལོའི་ཟླ་དྲུག་པ་ནས་བརྒྱད་པའི་བར། གསར་དུ་བསྐྲུན་པའི་ཚོང་ལས་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་གོང་མའི་དུས་མཚུངས་དང་བསྡུར་ན་ཚང་མ་བསྟུད་མར་ཆག་པའི་གྲོང་ཁྱེར་དག་གིས། 2022ལོའི་ལོ་མཇུག་གོང་། དུས་མཚམས་རང་བཞིན་གྱི་སྡོད་ཁང་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་ཐོག་མའི་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་གཏོང་དགོས། སྡོད་ཁང་གཉིས་པའི་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་སྐྱེད་ཚད་དམའ་ཤོས་ཀྱི་སྲིད་ཇུས་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།
     གཉིས་ནི“གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པའི”རྩ་དོན་ལྟར། གོང་གསལ་གྱི་ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་སྲིད་གཞུང་གིས་ས་གནས་དེ་གའི་ས་ཁང་བདག་ཁོངས་ཀྱི་ཁྲོམ་རའི་དུས་བབ་འགྱུར་ལྡོག་དང་སྙོམས་སྒྲིག་སྟངས་འཛིན་གྱི་བླང་བྱ་གཞིར་བཟུང་། ས་གནས་དེ་གའི་སྡོད་ཁང་ཚོང་ལས་རང་བཞིན་གྱི་སྒེར་གྱི་སྡོད་ཁང་ཐོག་མ་དངུལ་བུན་གཏོང་བའི་སྐྱེད་ཚད་དམའ་ཤོས་དུས་མཚམས་རང་བཞིན་གྱིས་རྒྱུན་འཁྱོངས་དང་། མར་གཅོག་པའམ་ཡང་ན་ཀྱི་ཚད་གཞི་མེད་པར་བཟོ་བ་རང་བདག་ངང་གཏན་འབེབས་བྱས་ཆོག  མི་དམངས་དངུལ་ཁང་དང་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་སྒྲིག་གཞི་མངགས་ནས་ཞིང་ཆེན་རིམ་པའི་ཁྲོམ་རའི་སྐྱེད་ཚད་གཏན་འཁེལ་གྱི་རང་གཅུན་ལམ་སྲོལ་ལ་མཛུབ་ཁྲིད་བྱེད་པ་དང་གཞོགས་འདེགས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།