འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་30ཉིན།

༄༅།།ཟླ་10པ་ནས་བཟུང་སྒྲིག་སྲོལ་གསར་པ་འདི་དག་ལག་བསྟར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་30ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ། 
     འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ངེས་པར་དུ་ཞིབ་བཤེར་བྱ་རྒྱུའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་གི་དཀར་ཆག་ལེགས་སྒྲིག་བྱས་ཡོད།
     ཉིན་ཤས་གོང་། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ངེས་པར་དུ་ཞིབ་བཤེར་བྱ་རྒྱུའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་གི་དཀར་ཆག་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཉེན་ཆེའི་ལྕགས་རིགས་མིན་པའི་རྒྱུ་ཆ་དང་དེའི་བཟོས་རྫས་དང་། གློག་རྡུལ་ལས་རིགས་ཀྱི་ལས་སྣོན་སྒྲིག་ཆས། སྐམ་བཟོའི་སྒྲིག་ཆས་དང་དེ་བཞིན་ཡོ་བྱད་སོགས་རིགས་87གྱི་འགག་སྒོའི་ཚོང་ཟོག་གི་ཨང་རྟགས་10ཡི་ཚོང་ཟོག་ལ། འགག་སྒོའི་ལྟ་སྐུལ་དོ་དམ་གྱི་ཆ་རྐྱེན“A”མེད་པར་བཟོས་ནས། འགག་སྒོས་འབྲེལ་ཡོད་ཚོང་ཟོག་གི་ནང་འདྲེན་ལ་ཞིབ་བཤེར་མི་བྱེད་པ། དེ་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 
     ཀྲུང་དབྱང་ཁེ་ལས་ཀྱིས་གཙོ་འཛིན་ལུགས་མཐུན་དཔོན་འཛུགས་རྒྱུ་རེད། 
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དཔར་འགྲེམ་བྱས་པའི《ཀྲུང་དབྱང་ཁེ་ལས་ཀྱི་སྒྲིག་སྲོལ་དང་མཐུན་པའི་དོ་དམ་བྱེད་ཐབས་》དེ་2022ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཏེ། ཀྲུང་དབྱང་ཁེ་ལས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་འགོ་འཛིན་ལུགས་མཐུན་དཔོན་འཛུགས་དགོས་པ་དང་། འགོ་ཁྲིད་ཀྱི་ལས་གནས་དང་ལས་གནས་ཀྱི་གྲངས་འབོར་མི་འཕར་བར་སྤྱི་ཁྱབ་བཅའ་ཁྲིམས་བློ་འདྲི་བས་གཅིག་ལྕོགས་བྱེད་དགོས། ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོར་འགན་འཁུར་དགོས། འགོ་ཁྲིད་དང་སྒྲིག་སྲོལ་ལུགས་མཐུན་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་དགོས། ཁོངས་གཏོགས་སྡེ་ཚན་གྱིས་སྒྲིག་སྲོལ་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱེད་དགོས་པ་ཁ་གསལ་བཀོད་ཡོད། 
     ཤིང་ཏོག་བྲོ་བའི་གློག་རྡུལ་དུ་བ་ཚང་མ་ཁྱོན་ཡོངས་ནས་མེད་པར་བཟོ་རྒྱུ་རེད། 
     ཟླ་10ཚེས་1ཉིན་ནས་བཟུང་། 《གློག་རྡུལ་ཐ་མག་གི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞིའི》ནུས་པ་དངོས་སུ་ཐོན་རྒྱུ་ཡིན་ཞིང་། སྐབས་དེ་དུས་ཤིང་འབྲས་ཀྱི་བྲོ་བ་ལྡན་པའི་གློག་རྡུལ་ཐ་མག་ཁྱོན་ཡོངས་ནས་མེད་པར་བཟོ་རྒྱུ་དང་། རྒྱལ་ཡོངས་གཅིག་གྱུར་གློག་རྡུལ་ཐ་མག་ཉོ་ཚོང་དོ་དམ་ལས་སྟེགས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞིའི་རྡོ་ཐའི་བྲོ་བ་ལྡན་པའི་གློག་རྡུལ་ཐ་མག་དང་བྱིས་པའི་ཐ་མག་གི་རྩེད་ཆས་ཁོ་ན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
     མཛེས་འཆོས་བྱུག་རྫས་ཀྱི་གློག་རྡུལ་ཐོ་འགོད་ལག་ཁྱེར་ལག་བསྟར་བྱ་རྒྱུ། 
     རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་སྤྱི་བསྒྲགས་གཞིར་བཟུང་། 2022ལོའི་ཟླ་10ཚེས་1ཉིན་ནས་བཟུང་། 《མཛེས་འཆོས་བྱུག་རྫས་ཐོ་འགོད་སྙན་སེང་དོ་དམ་བྱ་ཐབས》ལ་གཞིགས་ཏེ། ཐོ་འགོད་ཆོག་འཐུས་ཐོབ་པའི་དམིགས་བསལ་མཛེས་འདོན་བྱུག་རྫས་དང་མཛེས་འདོན་བྱུག་རྫས་ཀྱི་རྒྱུ་ཆ་གསར་པ། དེ་བཞིན་ཐོ་འགོད་ལག་ཁྱེར་བརྗེ་སྒྱུར་དང་རྒྱུན་མཐུད་ཆོག་པའི་དམིགས་བསལ་མཛེས་འདོན་བྱུག་རྫས་ལ་གློག་རྡུལ་ཐོ་འགོད་ལག་ཁྱེར་སྤྲོད་རྒྱུ་རེད། དེ་གོང་སྤྲད་པའི་ཤོག་བུའི་ཐོ་འགོད་ལག་ཁྱེར་དེ་གོ་ཆོད་པའི་དུས་ཚོད་ནང་མུ་མཐུད་གོ་ཆོད་ཀྱི་ཡོད།
     རླངས་འཁོར་ལ་ཞིབ་བཤེར་བྱེད་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 
     སྤྱི་བདེ་པུའུ་སོགས་པུའུ་ཨུ་ཡིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི《འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་བཤེར་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རླངས་འཁོར་ཞིབ་བཤེར་ཞབས་ཞུའི་ལས་དོན་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གཞིར་བཟུང་། 2022ལོའི་ཟླ་10ཚེས་1ཉིན་ནས་བཟུང་། གཉེར་སྐྱོང་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་ལ་དེ་སྔའི་ལོ་བཅུའི་ནང་དྲ་ཐོག་ཞིབ་བཤེར་ཐེངས་གསུམ་བྱེད་པ་དེ་ཞིབ་བཤེར་ཐེངས་གཉིས(ལོ་6 ལོ་10)ལ་ལེགས་སྒྲིག་བྱས་པ་མ་ཟད། དེ་སྔའི་ལོ་15ཡི་རྗེས་ལོ་ཕྱེད་རེར་ཞིབ་བཤེར་ཐེངས་རེ་བྱ་རྒྱ་དེ་ལོ་རེར་ཞིབ་བཤེར་ཐེངས་རེ་བྱ་རྒྱུར་ལེགས་སྒྲིག་བྱས་པ་རེད། 
     བགྲོད་ལམ་འགྲིམ་འགྲུལ་གྱི་མཚོན་རྟགས་གསར་པ་བསྣན་ཡོད། 
     《བགྲོད་ལམ་འགྲིམ་འགྲུལ་གྱི་མཚོན་རྟགས་དང་ལམ་ཐིག་གི་ཁག་གཉིས་པ། བགྲོད་ལམ་འགྲིམ་འགྲུལ་གྱི་མཚོན་རྟགས》(GB 5768.2-2022)ཟླ་10པའི་ཚེས་1ཉིན་ལག་བསྟར་བྱ་རྒྱུ་རེད། ཉེ་བའི་ལོ་ཤས་རིང་ཐོན་པའི་སྒྲིག་ཆས་གསར་པ་དང་འགྲིམ་འགྲུལ་དོ་དམ་གྱི་དགོས་མཁོ་གསར་པར་དམིགས་ཏེ། ཚད་གཞི་དེར“གློག་སྒུལ་རླངས་འཁོར་གྱི་གློག་གསོག་ས་ཚིགས”དང་། “གློག་སྒུལ་རྐང་འཁོར་གྱི་འཁོར་ལམ་མཚོན་རྟགས། ” “གློག་སྒུལ་རྐང་འཁོར་བསྐྱོད་མི་ཆོག་པའི་མཚོན་རྟགས། ” “ཆུ་གསོག་མཚོན་རྟགས་ལ་དོ་སྣང་བྱེད་པ”སོགས་འགྲིམ་འགྲུལ་གྱི་མཚོན་རྟགས་གསར་པ་18ཁ་སྣོན་བརྒྱབ་ཡོད་པ་རེད།