འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་29ཉིན།

༄༅།།རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་རིན་པ་མི་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་29ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ད་ལོའི་རྒྱལ་སྟོན་གྱི་ངལ་གསོའི་དུས་ཚོད་ནི་ཟླ་10ཚེས་1ཉིན་ནས་ཟླ་10ཚེས་7ཉིན་བར་ཁྱོན་ཉིན་7ཡིན་པ་དང་། འདུག་སྟེགས་7ཚུད་པ་དང་དེའི་མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་འགྲོ་སྐྱོད་གྲོན་དངུལ་མི་བསྡུ་རྒྱུ་དང་། ཞིབ་ཕྲའི་འགྲོ་སྐྱོད་དུས་ཚོད་ནི་ཟླ་10ཚེས་1ཉིན་གྱི་ཆུ་ཚོད་0ནས་ཟླ་10ཚེས་7ཉིན་གྱི་ཆུ་ཚོད་24བར་ཡིན་པ་རེད།
     མཉམ་འཇོག་དགོས་པ་ཞིག་ལ། མྱུར་བགྲོད་གཞུང་ལམ་ལ་རིན་མི་དགོས་པར་འགྲོ་སྐྱོད་བྱེད་པ་ནི་རླངས་འཁོར་ཕྱིར་ཐོན་སའི་གྲོན་དངུལ་བསྡུ་སའི་འཁོར་ལམ་ནས་ཁ་བྲལ་བའི་དུས་ཚོད་ཚད་གཞིར་འཛིན་པ་སྟེ། རླངས་འཁོར་ཟླ་10པའི་ཚེས་1ཉིན་གྱི་ཆུ་ཚོད་0ནས་ཟླ་10པའི་ཚེས་7ཉིན་གྱི་ཆུ་ཚོད་24བར་མྱུར་བགྲོད་གཞུང་ལམ་ནས་ཕྱིར་སྐྱོད་པའི་དུས་ཚོད་ཚང་མར་རིན་མི་དགོས་པའི་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག