འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་29ཉིན།

༄༅།།ཤྭ་སེར་ཞིག་བསྐྱབས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་29ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཤྭ་སེར་ཞིག་བསྐྱབས་འདུག
  མི་དམངས་དྲ་བའི་འཕྲིན།  ཚེས་27ཉིན། གསར་འགོད་པས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་ས་ཚིགས་ཀྱིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེའི་སྤྱི་ཁྱབ་རུ་ཁག་དང་། མཚོ་བྱང་ཁུལ་མདོ་ལ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་བཅས་དང་མཉམ་དུ་མདོ་ལ་རྫོང་གི་ཉེ་འགྲམ་ནས་རྒྱལ་ཁབ་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་གྱི་རི་སྐྱེས་སྲོག་ཆགས་ཤྭ་སེར་ཞིག་གི་སྲོག་བསྐྱབས་ཡོད།
   ཡུལ་དངོས་ནས་ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན། ཤྭ་སེར་དེ་ནི་ཤྭ་བ་ཕོ་ཞིག་ཡིན་ཞིང་། ལོ་12ཡས་མས་ཡིན་པ་དང་། སྟོན་དུས་རི་ལས་བབས་ནས་རྩྭ་སོས་པ་ཟ་རུ་ཡོང་བ་དང་། ལག་གཡས་པ་དང་ཤྭ་རྭ་ལྕགས་ར་ལ་ཐོགས་པ་རེད། 
༄༅།།ཤྭ་སེར་ཞིག་བསྐྱབས་འདུག