འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་29ཉིན།

༄༅།།ལོ་ངོ་1500ཡི་ལོ་རྒྱུས་ལྡན་པའི་བྲག་ཕུག་ཚོགས་ཤིག་རྙེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་29ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལོ་ངོ་1500ཡི་ལོ་རྒྱུས་ལྡན་པའི་བྲག་ཕུག་ཚོགས་ཤིག་རྙེད།
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧྲན་ཞི་ཞིང་ཆེན་ཀའོ་ཕིང་གྲོང་ཁྱེར་ནས་ཝེ་བྱང་མའི་བྲག་ཕུག་ཚོགས་ཤིག་རྙེད་པ་དང་། བྲག་ཕུག་ཚོགས་དེར་བྲག་ཕུག་6ཚུད་ཡོད་པའི་ནང་བྲག་ཕུག་4ཕྱི་ཕྱོགས་ཀྱིས་ཐོག་མར་ཤེས་རྟོགས་ཐུབ་ཡོད་པ་རེད། ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན། བྲག་ཕུག་དེ་ཆགས་པའི་དུས་ཚོད་ནི་ཝེ་བྱང་མ་ནས་ཐང་རྒྱལ་རབས་བར་ཡིན་ཞིང་། ད་བར་ལོ་1500ཡི་ལོ་རྒྱུས་ཡོད་པ་དང་། བྲག་ཕུག་གི་བརྐོས་བརྙན་མཛེས་པོ་ཡོད་ལ་ལོ་རྒྱུས་རིག་གནས་ཀྱི་ཞིབ་འཇུག་རིན་ཐང་ཅུང་ཆེན་པོ་ལྡན་ཡོད་པ་རེད།   
   ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་ཤེས་རྟོགས་བྱུང་བའི་བྲག་ཕུག་དེ་ཀའོ་ཕིང་གྲོང་ཁྱེར་ཏན་ཀྲུའུ་ལིང་ནུབ་ཀྱི་རི་འདབས་ཀྱི་ལུའུ་སུའུ་གྲོང་སྡེའི་ལུང་ཤུར་དུ་གནས་པ་དང་། བྲག་ཕུག་དེ་དག་ནི་བྲག་རྡོ་ཆད་པའི་ཐོག་གམ་ཡང་ན་བྲག་རྡོ་ཆེན་པོའི་ཐོག་ཡོད། སྐུ་ལ་གཙོ་བོ་བཞུགས་སྐུ་དང་། བཞེངས་སྐུ། བྱང་ཆུབ་སེམས་དཔའ། སྲུང་མ། ཡོན་བདག་སོགས་ཡོད་པ་དང་། སྐུའི་རྣམ་པ་ནི་ཝེ་བྱང་མའི་དུས་མཇུག་ནས་ཐང་རྒྱལ་རབས་བར་ཡིན་པ་དང་། བྲག་ཕུག་ཁག་གཅིག་ལ་ད་དུང་བསྙེན་བཀུར་ཞུ་མཁན་གྱི་མཚན་ཡང་བཀོད་ཡོད།
   མིག་སྔར། ཀའོ་ཕིང་གྲོང་ཁྱེར་གྱིས་བྱེད་ཐབས་སྤྱད་དེ་སྲུང་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་རེད། 
༄༅།།ལོ་ངོ་1500ཡི་ལོ་རྒྱུས་ལྡན་པའི་བྲག་ཕུག་ཚོགས་ཤིག་རྙེད།