འཚོལ་བཤེར།   
藏文频道
2022ལོའི་ཟླ་10ཚེས་8ཉིན།

༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ང་བརྒྱད་པ། གནས་ཚུལ་འདི་འདྲའི་འོག་རང་གི་ཕ་མ་གཉོར་སྐྱོང་བྱེད་དགོས་སམ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་29ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ང་བརྒྱད་པ། གནས་ཚུལ་འདི་འདྲའི་འོག་རང་གི་ཕ་མ་གཉོར་སྐྱོང་བྱེད་དགོས་སམ།
     གྱོད་གཞི། 
     ད་ལོ་ལོ་35ལ་སླེབས་པའི་ཞའོ་ལིན་ནི་ལས་གཏོད་ཀུང་སིའི་མཐོ་རིམ་དོ་དམ་པ་ཞིག་རེད། ཆུང་དུས་གཞན་གྱིས་གཉོར་སྐྱོང་བྱས་པས་རང་གི་ཕ་མའི་གནས་ཚུལ་ཅི་ཡང་མི་ཤེས། ཉིན་ཞིག་ལ། ཞའོ་ལིན་གྱི་ཞང་བོ་ལིའུ་ལགས་ཀྱིས་ཁོང་ཉིད་བཙལ་ནས་རང་གི་ཕ་མའི་སྐོར་གྱི་གནས་ཚུལ་བཤད། ཞའོ་ལིན་གྱི་ཨ་མ་ཚེ་ལས་འདས་ཟིན་པ་དང་ཨ་ཕ་ཀྲང་ལགས་ལ་ནད་ལྕི་མོ་ཕོག་ཡོད་པས་མི་གཞན་གྱིས་བདག་སྐྱོང་བྱ་དགོས། ལིའུ་ལགས་ཀྱིས་ཞའོ་ལིན་ནི་ཀྲང་ལགས་ཀྱི་བུ་མོ་ངོ་མ་ཡིན་པས་ཨ་ཕ་གཉོར་སྐྱོང་བྱེད་པའི་འགན་འཁྲི་འཁུར་དགོས་པར་འདོད། ཞའོ་ལིན་གྱིས་རང་གི་ཨ་ཕར་གཉོར་སྐྱོང་བྱེད་དགོས་སམ། 
     གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད་པ། 
     མི་དགོས། དམངས་དོན་ཁྲིམས་གཞུང་གི་དོན་ཚན་ཆིག་སྟོང་བརྒྱ་དང་བཅུ་གཅིག་པའི་ནང་གཏན་འབེབས་བྱས་དོན། གསོས་ཕྲུག་དང་ལུས་སྦྱིན་ཕ་མ་དང་དེ་བཞིན་གཉེན་ཚན་གཞན་དག་བར་གྱི་ཁེ་དབང་དང་འོས་འགན་བར་གྱི་འབྲེལ་བ་དེ་ཉར་གསོའི་འབྲེལ་བ་ཚུགས་པའི་དབང་གིས་མེད་པར་གྱུར་པ་ཡིན།