འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་27ཉིན།

༄༅།།སྐད་འཕྲིན་ཚོགས་པའི་ནང་དཀྲོག་གཏམ་བསྐུར་བས་ཆད་པ་བཅད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་27ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་22ཉིན། ལྷོ་ཁ་སྣེ་གདོང་ཆུས་ཀྱི་སྐྱེས་པ་ཞིག་གིས་སྐད་འཕྲིན་ཚོགས་པའི་ནང་རིམས་ནད་དང་འབྲེལ་བའི་ཆ་འཕྲིན་རྫུན་མ་ཞིག་བསྐུར་བས། སྣེ་གདོང་ཆུས་ཀྱི་སྤྱི་བདེ་ཅུས་སྐྱེད་པ་ཤང་གི་སྤྱི་བདེ་མངགས་གཏོང་ཁང་གིས་དངུལ་ཆད་སྒོར་500བཅད་པ་རེད། 
     ཟླ་9ཚེས་22ཉིན་གྱི་དགོང་མོར། ཀྲང་ཆེ་གེ་མོས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་བདེན་རྫུན་ལ་ཞིབ་དཔྱད་མ་བྱས་པའི་གནས་ཚུལ་འོག  རིམས་ནད་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་རྫུན་མ་ཞིག་སྐད་འཕྲིན་ཚོགས་པ་ག་གེ་མོའི་ནང་བསྐུར་བས། ཚོགས་པའི་ནང་གི་མི་མང་པོ་ཞིག་གིས་དོན་དེར་གྲོས་བསྡུར་བྱས་པ་རེད། 
     འདྲི་ཞིབ་བྱས་པ་བརྒྱུད། ཀྲང་ཆེ་གེ་མོས་བདེན་མིན་ཞིབ་དཔྱད་མ་བྱས་པར་རང་དགར་སྐད་འཕྲིན་ཚོགས་པའི་ནང་རིམས་ནད་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་རྫུན་མ་སྤེལ་བའི་ཁྲིམས་འགལ་དོན་དངོས་སྦ་གསང་མེད་པར་ངོས་ལེན་བྱས་པ་རེད། ཉིན་ཤས་གོང་། སྐྱེད་པ་ཤང་སྤྱི་བདེ་མངགས་གཏོང་ཁང་གིས《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲང་ཆེ་གེ་མོར་དངུལ་ཆད་སྒོར་ལྔ་བརྒྱ་བཅད་པའི་སྲིད་འཛིན་ཆད་པ་བཅད་པ་རེད།
     ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན།
     དྲ་རྒྱའི་བར་མཐོངས་ནི་ཁྲིམས་འོག་ཏུ་མི་འདུ་བའི་ས་མིན་པས། དཀྲོག་གཏམ་བཟོ་བ་དང་ཤོད་པ་དང་། སྤྱི་པའི་སྒྲིག་ལམ་དཀྲུགས་པའི་ཁྲིམས་འགལ་བྱ་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་ཆེའི་དྲ་དམངས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་བྱས་ཏེ། རིམས་ནད་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་གཞུང་ཕྱོགས་ཀྱི་དབང་གྲགས་ཐབས་ལམ་བརྒྱུད་ཁྱབ་བསྒྲགས་བྱ་རྒྱུ་ཚད་གཞིར་འཛིན་དགོས་པ་ལས། རྨོངས་ཚོད་ཀྱིས་དེར་ཡིད་ཆེས་དང་བརྒྱུད་སྤེལ་གཏན་ནས་བྱེད་མི་རུང་བ་དང་། རང་རྟོགས་ངང་དཀྲོག་གཏམ་མི་བཟོ་བ་དང་། ཡིད་ཆེས་མི་བྱེད་པ། བརྒྱུད་བསྐུར་མི་བྱེད་པ་བཅས་བྱས་ནས་ཐུན་མོང་ཐོག་དྲ་རྒྱའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས།