འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་27ཉིན།

༄༅།།ཧྲང་ཧའེ་ནས་རིག་དངོས་རྩ་ཆེན་གྱི་འགྲེམས་སྟོན་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་27ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཧྲང་ཧའེ་ནས་རིག་དངོས་རྩ་ཆེན་གྱི་འགྲེམས་སྟོན་སྤེལ་བ།
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན། “དར་རྒྱས་དུས་སུ་ཕྱིར་ལོག--ཕྱི་རྒྱལ་ནས་ཕྱིར་ཁྱེར་བའི་རིག་དངོས་དམིགས་བསལ་འགྲེམས་སྟོན”ཧྲང་ཧའེ་གྲོང་ཁྱེར་མིན་ཞིང་ཆུས་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་པ་རེད། ་འགྲེམས་སྟོན་ནང“དར་རྒྱས་དུས་སུ་བསྐྱར་འཛོམས”དང“ཧྭ་མེ་རྗེས་མཐུད”ཅེས་པའི་ནང་དོན་གཉིས་ཚུད་ཡོད་པ་དང་། པའོ་ལི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དང་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་ཡོན་མིང་ཡོན་དོ་དམ་ཁྲུའི་རིག་དངོས་སྤུས་ལེགས་47འདུས་ཡོད་ཅིང་། དེ་དག་ཚང་མ་ཕྱི་རྒྱལ་ནས་ཕྱིར་ཁྱེར་བའི་རིག་དངོས་རྩེ་གྲ་ཡིན་པ་རེད།    འགྲེམས་དངོས་ནང་ཆིང་རྒྱལ་རབས་དུས་ཀྱི་ཡོན་མིང་ཡོན་ཧའེ་ཡན་ཐང་གི་ལོ་རྟགས་བཅུ་གཉིས་ཀྱི་གླང་མགོ་དང་། སྟག་མགོ། སྤྲེལ་མགོ། ཕག་མགོ་མ་དཔེ། རྟ་མགོ་འདྲ་བཟོ་དང་། དེ་བཞིན་ཧྲང་ཀྲུའུ་རྒྱལ་རབས་དང་། ཁྲུན་ཆིའུ་ཀྲན་གོ ཧན་རྒྱལ་རབས་ནུབ་མ་དང་ཤར་མའི་རྒྱལ་ནོར་རིམ་པའི་ཟངས་ཀྱི་རིགས་དངོས་དག་ཚུད་ཡོད་པ་རེད། 
【1】  【2】  【3】
༄༅།།ཧྲང་ཧའེ་ནས་རིག་དངོས་རྩ་ཆེན་གྱི་འགྲེམས་སྟོན་སྤེལ་བ།