འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་26ཉིན།

༄༅།།ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མི་བདམས་ཟིན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་26ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་བརྟན་པོའི་འོག  ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད། རྒྱལ་ཡོངས་ཀྱི་འདེམས་བསྐོའི་ཚན་པ་ཁག་གིས་ཁག་སོ་སོར་ཏང་གི་འཐུས་མིའི་ཚོགས་ཆེན་ནམ། ཏང་གི་འཐུས་མིའི་གྲོས་ཚོགས་འཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་ཁྱོན་2296བདམས་ཡོད།
     ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་སྒྲིག་ཡིག་གཞི་རྩའི་གཞི་འཛིན་སར་བརྩི་རྒྱུ་རྒྱུན་འཁྱོངས། ཏང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་བཅས་བྱས་ནས། ཏང་ནང་གི་དམངས་གཙོ་དར་སྤེལ་ཧུར་ཐག་བཏང་ཐོག འཐུས་མིའི་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་སྟེ། འོག་ནས་གོང་བར་དང་། གོང་འོག་ཟུང་འབྲེལ། བསམ་གཞིགས་ཡང་ཡང་།  རིམ་པ་བཞིན་འདེམས་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་ཐོན་པ་ཞིག་རེད།
     བདམས་ཐོན་བྱུང་བའི་འཐུས་མི་ཚང་མ་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་པར་མ་ཟད། བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་ཅུང་མཐོན་པོ་དང་། སྤྱོད་ཚུལ་ལེགས་པོ་ཡོད་ལ། གྲོས་མོལ་བྱེད་པའི་འཇོན་ཐང་ཡང་ཆེན་པོ་ལྡན་ཡོད། སོ་སོའི་ལས་གནས་ཐོག་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཡོད་པས། ཁོང་རྣམ་པ་ནི་གུང་ཁྲན་ཏང་མིའི་ཁྲོད་ཀྱི་ཕུལ་བྱུང་བ་ཤ་སྟག་ཡིན་ཞིང་། འཐུས་མིའི་གྲུབ་ཚུལ་དང་ཁྱབ་སྟངས་ལུགས་དང་མཐུན་པ་དང་། གྲུབ་ཆའི་བསྡུར་གྲངས་ཁག་ཀྱང་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་པས་འཐུས་ཚབ་རང་བཞིན་རྒྱ་ཆེར་ལྡན།  ཁོ་ཚོའི་ཁྲོད། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡོད་ལ། ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོར་ཕྱག་ལས་གནང་བཞིན་པའི་ཏང་ཡོན་ཡང་ཡོད། ད་དུང་གྲངས་འབོར་ངེས་ཅན་གྱི་བུད་མེད་ཏང་ཡོན་དང་། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན། དཔལ་འབྱོར་དང་། ཚན་རྩལ། རྒྱལ་སྲུང་། སྲིད་ཁྲིམས། སློབ་གསོ། དྲིལ་བསྒྲགས། རིག་གནས། འཕྲོད་བསྟེན། ལུས་རྩལ། སྤྱི་ཚོགས་དོ་དམ་སོགས་ཁྱབ་ཁོངས་ཁག་གི་འཐུས་མི་ཡང་ཡོད།
     ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་ཆོག་པའི་ཐོབ་ཐང་ཡོད་མེད་ལ་ད་དུང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་རྒྱུ་རེད།