འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་26ཉིན།

༄༅།།ཉེ་བའི་ལོ་བཅུའི་རིང་རང་རྒྱལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་ལོ་རེར་ཆ་
སྙོམས་9.4%འཕར་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་26ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་རབ་དང་རིམ་པའི་སྙན་ཞུ་ལས་མངོན་གསལ། 2013ནས་2021ལོའི་བར། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་ཁྲི་409ཟིན་ནས་ལོ་རེར་ཆ་སྙོམས་9.4%འཕར་ཏེ་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་དང་མཁོ་སྤྲོད་གྲུབ་ཆ་ལེགས་སུ་གཏོང་བའི་ཁྲོད་ཀྱི་འགག་རྩའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།
   སྙན་ཞུར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་མུ་མཐུད་བརྟན་པོའི་ངང་འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་བསྡོམས་འབོར་དེ་2012ལོའི་སྒོར་དུང་ཕྱུར་ཁྲི་28.2ནས་2021ལོའི་སྒོར་དུང་ཕྱུར་ཁྲི་55.3བར་འཕར་ཡོད། འཛུགས་སྐྲུན་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་2021ལོར་རྒྱལ་ཡོངས་ཀྱི་ཨར་ལས་རྣམ་གྲངས་འཛུགས་སྐྲུན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་148.9ཟིན་པ་དེ་2012ལོའི་ལྡབ་3.5ཡིན་པ་དང་། གསར་དུ་ལས་འགོ་བཙུགས་པའི་རྣམ་གྲངས་འཛུགས་སྐྲུན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་37ཟིན་པ་དེ་2012ལོའི་ལྡབ་2.3ཡིན་པ་རེད།