འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་25ཉིན།

༄༅།།རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས། 《ལོ་0ནས་6བར་གྱི་བྱིས་པའི་ཁེར་རྐྱང་ཡུལ་པོའི་ནད་འཐེན་བཤེར་ཐེ་ཇུས་ཞབས་ཞུའི་ཚད་གཞི(ཚོད་ལྟའི་ལག་བསྟར)》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་25ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ལོ་0ནས་6བར་གྱི་བྱིས་པའི་ཁེར་རྐྱང་ཡུལ་པོའི་ནད་འཐེན་བཤེར་དང་། ནད་བརྟག་གཏན་འཁེལ། ཐེ་ཇུས་བཅས་ཀྱི་ཞབས་ཞུ་ཚད་ལྡན་ཡོང་བ་བྱས་ནས་བྱིས་པའི་བདེ་ཐང་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《ལོ་0ནས་6བར་གྱི་བྱིས་པའི་ཁེར་རྐྱང་ཡུལ་པོའི་ནད་འཐེན་བཤེར་ཐེ་ཇུས་ཞབས་ཞུའི་ཚད་གཞི(ཚོད་ལྟའི་ལག་བསྟར)》བཀྲམ་པའི་ནང་ཞབས་ཞུ་བྱ་ཡུལ་ནི་ཁོངས་གཏོགས་ཁུལ་གྱི་རྒྱུན་སྡོད་ལོ་0ནས་6བར་གྱི་བྱིས་པ་ཡིན་པ་ཁ་གསལ་བཏོན་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཁེར་རྐྱང་ཡུལ་པོའི་ནད་ལ་སེམས་སྦུག་དོག་ནད་ཅེས་ཀྱང་བརྗོད་པ་དང་། དེ་བྱིས་པའི་སྔ་དུས་ཀྱི་དབང་རྩའི་རང་བཞིན་གྱི་སྐྱེ་འཚར་ལ་འགོག་རྐྱེན་བྱུང་བ་ཞིག་ཡིན་ཞིང་། ནད་རྐྱེན་གསལ་པོ་མེད་པ་དང་སྤྱིར་ན་ལོ་3གོང་ནས་ཐོན་པ་ཞིག་རེད། བརྟག་དཔྱད་བྱས་པ་ལས་མངོན་པར། རང་རྒྱལ་གྱི་བྱིས་པའི་ཁེར་རྐྱང་ནད་ཕོག་ཚད་7‰ཟིན་གྱི་ཡོད་པ་རེད།
     ཞབས་ཞུའི་ཚད་གཞིའི་ནང་། ཞབས་ཞུའི་དམིགས་ཡུལ་གཙོ་བོ་ནི་བྱིས་པ་དང་ཁྱིམ་བདག་གི་ཁེར་རྐྱང་ནད་ཀྱི་ཚན་རིག་ཁྱབ་གདལ་ཤེས་བྱ་ཤེས་རྟོགས་ཐུབ་ཚད་མཐོ་རུ་གཏོང་བ་དང་། ཁྱིམ་བདག་གིས་འཐེན་བཤེར་དང་། བརྟག་དཔྱད། ཐེ་ཇུས་བཅས་ཀྱི་ཞབས་ཞུ་དང་ལེན་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་བ། བྱིས་པའི་ཁེར་རྐྱང་ཡུལ་པོའི་ནད་འཐེན་བཤེར་དང་། ནད་བརྟག་གཏན་འཁེལ། དྲག་སྐྱེད་ཐེ་ཇུས་བཅས་བྱེད་པའི་ཞབས་ཞུ་ཚད་ལྡན་དུ་གཏོང་བ། ཐེ་ཇུས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། བསམ་པའི་དབང་སྐྱོན་ཐོན་ཉུང་དུ་གཏོང་བ་བཅས་བྱས་ནས། བྱིས་པའི་བདེ་ཐང་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་བསྟན་ཡོད།