འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་25ཉིན།

༄༅།།ཧྲེན་ཀྲུང་ལམ་བུའི་ལིང་ཏིང་དབྱང་ཟམ་ཆེན་གྱི་དཔྱང་ཐག་ཨ་མ་བསླངས་ཟིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་25ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ལིང་ཏིང་དབྱང་ཟམ་ཆེན་གྱི་དཔྱང་ཐག་ཨ་མ་སློང་བཞིན་པ།
འདི་ནི་ལིང་ཏིང་དབྱང་ཟམ་ཆེན་གྱི་དཔྱང་ཐག་ཨ་མ་སློང་བཞིན་པ།
     འདི་ག་ཚགས་པར་ཁང་དུ་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཧྲེན་ཀྲུང་ལམ་བུའི་ལིང་ཏིང་དབྱང་ཟམ་ཆེན་གྱི་དཔྱང་ཐག་བསླངས་ཟིན་ནས་འཛམ་གླིང་རང་བཞིན་གྱི་ལས་གྲྭ་འདིར་འཛུགས་སྐྲུན་ལྷུ་ཚིགས་གལ་ཆེན་ཞིག་ཚད་བརྒལ་བྱུང་ཡོད་པ་རེད།
     ལིང་ཏིང་དབྱང་ཟམ་ཆེན་ནི་ཧྲེན་ཀྲུང་ལམ་བུའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཞིང་། དཔྱང་ཐག་གཙོ་བོའི་བར་ཞེང་རིང་ཚད་ལ་སྨི་1666ཟིན་པའི་དཔྱང་ཟམ་དེའི་དཀྱིལ་ལྕོག་གཙོ་བོའི་མཐོ་ཚད་ལ་སྨི་270ཡོད་པ་དང་། དེ་ནི་མིག་སྔར་འཛམ་གླིང་ཐོག་རྒྱ་མཚོའི་སྟེང་དུ་བར་ཞེང་ཆེ་ཤོས་ཀྱི་ལྕགས་གདུང་དཔྱང་ཟམ་ཞིག་ཡིན་པ་མ་ཟད། འཛམ་གླིང་ཐོག་མཚོ་ཐོག་གི་ཟམ་ཆེན་ཆེ་ཤོས་ཤིག་ཀྱང་རེད།
     ཧྲེན་ཀྲུང་ལམ་བུ་ནི་ཀང་ཀྲུའུ་ཨའོ་ཟམ་ཆེན་དང་ནན་ཧྲ་ཟམ་ཆེན་རྗེས་ཀྱི་ཀྲུའུ་ཅང་གཙང་པོའི་ངོགས་གཉིས་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལས་གྲྭ་གལ་ཆེན་གཞན་ཞིག་ཡིན་པ་དང་། རིང་ཚད་ཧྲིལ་པོར་སྤྱི་ལེ་24ཙམ་ཟིན་ཞིང་། བསྐྲུན་ཟིན་རྗེས་ཧྲེན་ཀྲེན་ནས་ཀྲུང་ཧྲན་བར་རླངས་འཁོར་བསྐྱོད་པའི་ལམ་ཐག་དེ་སྔའི་ཆུ་ཚོད་2ནས་སྐར་མ་20བར་ཐུང་དུ་འགྲོ་རྒྱུ་རེད།