འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་14ཉིན།

༄༅།།ནག་ཆུར་ལོགས་བཀར་བྱེད་སའི་གུར་468ཕུབ་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་14ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ནག་ཆུར་ལོགས་བཀར་བྱེད་སའི་གུར་468ཕུབ་འདུག
    མི་དམངས་དྲ་བའི་འཕྲིན། ཚེས་13ཉིན་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་རླངས་འཁོར་གཉེར་སྐྱོང་དུམ་བུ་ནས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་གཞུང་དོན་ཁང་གིས་ལྕགས་ལམ་ས་ཁུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲོམ་ཚང་ནས་ཐོན་པའི་མི་སྣ་གཅིག་སྡུད་ཐོག་བདེ་ཐང་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་རྒྱུའི་ཆ་འཕྲིན་ཤེས་རྗེས། ལམ་དུམ་དེས་རང་འགུལ་ངང་གཞོགས་འདེགས་བྱས་ཏེ་ནག་ཆུ་ས་ཚུགས་ཟོག་འགྲེམས་ཁུལ་ཕྱོགས་བསྡུས་ལམ་ཐིག་6གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་1.3ཙམ་ཡོད་པའི་མཛོད་ཁང་1ནས་2བར་གྱི་ས་ཆར་གཅིག་སྡུད་ཐོག་བདེ་ཐང་ལྟ་ཞིབ་ཚད་ལེན་ས་ཚིགས་བསྐྲུན་རྒྱུར་སྤྱོད་རྒྱུ་ཡིན་པ་རེད།
   ཉིན་3ལྷག་ཙམ་རིང་ཛ་དྲག་གིས་ཨར་ལས་བྱས་པ་བརྒྱུད། ལོགས་བཀར་གུར་468དང་ལས་དོན་ཚོགས་ཆུང་30ཡི་གུར་ཕུབ་ཟིན་པ་དང་། དེ་ལ་མཐུན་སྦྱོར་གྱི་ཆེད་སྤྱོད་གློག་སྐུད་ཡང་དུས་གཅིག་ཏུ་བསྐྲུན་ཟིན་ཡོད། ཟླ་9ཚེས་12ཉིན་སྒྲོམ་ཚང་བུད་པའི་ལྟ་ཞིབ་ཚད་ལེན་བྱེད་མཁན་ཁག་དང་པོ་མི་143ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་བསྡད་ཡོད་པ་རེད།
༄༅།།ནག་ཆུར་ལོགས་བཀར་བྱེད་སའི་གུར་468ཕུབ་འདུག