འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་13ཉིན།

༄༅།།ལུས་རྩལ་པ་འདིས་མ་ཡུམ་སློབ་གྲྭར་སྒོར་ཁྲི་100ཞལ་འདེབས་སུ་ཕུལ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་13ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་གྱི་ཕྱི་དྲོར། ཅི་ནན་སློབ་ཆེན་གྱིས་2022ལོའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་དང་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད། ཚོགས་འདུའི་ཐོག་ཅི་ནན་སློབ་ཆེན་ལུས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་སུའུ་པིང་ཐེན་གྱིས་སློབ་གྲྭའི་ཐེབས་རྩ་ལྷན་ཚོགས་ལ་དངུལ་འཛིན་སྒོར་ཁྲི་100ཞལ་འདེབས་བརྒྱབ་ནས“ཅི་ནན་སློབ་ཆེན་གྱི་983ཆུ་ཚད་མཐོ་བའི་ལུས་རྩལ་པ་གསོ་སྐྱོང་ཐེབས་རྩ”འཛུགས་རྒྱུར་སྐུལ་འདེད་གཏོང་དོན་སྤྱད་དེ། རྒྱལ་གཅེས་ཀྱི་བརྩེ་སེམས་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྤྲོ་སེམས། འབད་འབུངས་ཡར་བརྩོན་གྱི་རྩལ་འགྲན་སྙིང་སྟོབས་བཅས་ལྡན་པའི་ཆུ་ཚད་མཐོ་བའི་ལུས་རྩལ་པ་གསོ་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།    
   2022ལོའི་ཟླ་4པར། སུའུ་པིང་ཐེན་ལ་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ནང་ཐོབ་པའི་ཚད་བརྒལ་གལ་ཆེན་ལ་གཟེངས་བསྟོད་བྱེད་ཆེད།འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། སུའུ་པིང་ཐེན་ལ་བྱས་རྗེས་ཆེན་པོ་བཞག་པའི་བྱ་དགའ་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། དེ་རྗེས་སུའུ་པིང་ཐེན་གྱིས“ཅི་ནན་སློབ་ཆེན་གྱི་983ཆུ་ཚད་མཐོ་བའི་ལུས་རྩལ་པ་གསོ་སྐྱོང་ཐེབས་རྩ”བཙུགས་པ་རེད།
   “གཞི་རིམ་ནས་ད་ལྟའི་བར་ངས་ལུས་རྩལ་སློབ་མའི་ལུས་རྩལ་གྱི་ལས་དོན་ནི་ལས་སླ་པོ་མིན་པ་ཤེས་ཀྱི་ཡོད། དེར་བརྟེན། བྱ་དགའི་དངུལ་དེ་ཕུལ་ནས་སློབ་མ་གསོ་སྐྱོང་བྱེད་པའི་ཐད་སྤྱོད་རྒྱུའི་བསམ་བློ་འཁོར་བྱུང་”ཞེས་སུའུ་པིང་ཐེན་གྱིས“ཅི་ནན་སློབ་ཆེན་གྱི་983ཆུ་ཚད་མཐོ་བའི་ལུས་རྩལ་པ་གསོ་སྐྱོང་ཐེབས་རྩ”འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ཐོག་མའི་བསམ་འདུན་དེ་བཤད་བྱུང་། 
   “དེ་སྔར། མི་གཞན་གྱིས་ང་ལ་སྐར་ཆ་9དང་གྲངས་ཆུང་83ཐོབ་རྗེས་སུ། སུའུ་པིང་ཐན་གྱིས་ད་དུང་མཐར་སོན་པའི་ཚད་ལས་སྒྲོལ་སྲིད་དམ་ཞེས་དྲིས་མྱོང་།མཐར་སོན་པའི་ཚད་ལས་བརྒལ་བ་ཞེས་པ་དེ་ནི་མི་གཞན་གྱིས་བཤད་པ་ཡིན་པས། ངས་རང་གི་ཚད་ལས་བརྒལ་བ་ལས་མཐར་སོན་པའི་ཚད་ལས་བརྒལ་འདོད་མེད་ཅེས་ངས་བཤད་རྒྱུ་ཡིན། སུའུ་པིང་ཐེན་གྱིས། 2022ལོར་རྒྱུག་ལམ་ཐོག་རང་ཉིད་ཀྱི་མི་མངོན་པའི་ནུས་པ་འཚོལ་ཞིབ་ཐུབ་པའི་རང་བཞིན་མུ་མཐུད་མཐའ་འཁྱོངས་བྱ་རྒྱུ་མ་ཟད། རང་གི་མི་ཚེའི་མྱངས་པ་དང་འགྲན་རའི་ཉམས་མྱོང་ལ་བརྟེན་ནས་སློབ་མ་དེ་བས་མང་བར་སློབ་གསོ་བཏང་ནས། སློབ་མ་རྣམས་ལ་ཆེས་སྔོན་ཐོན་གྱི་ཐུང་རྒྱུག་སྦྱོང་བརྡར་འཐོབ་པར་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ཐུང་རྒྱུག་བྱ་གཞག་ཐད་ཀྱི་རང་ཉིད་ཀྱི་བསམ་ཤེས་དང་སྤྲོ་སེམས་ཁྱེར་ནས་རྨང་གཞིའི་ཞིབ་འཇུག་དང་རིག་ཚན་མང་པོ་མཉམ་འདྲེས་བྱེད་པའི་ཐད་ཀྱི་སློབ་གྲྭའི་ལེགས་ཆར་བརྟེན་ནས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཁུག་ཆེན་ཁུལ་གྱི་ཐུང་རྒྱུག་ཤེས་ལྡན་པ་གསོ་སྐྱོང་དང་། ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་རུ་ཁག་གི་སྦྱོང་བརྡར་ཆུ་ཚད་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་དང་། ལུས་རྩལ་ཚན་རིག་ལག་རྩལ་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།