འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་8ཉིན།

༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་སོ་བདུན་པ། གན་རྒྱ་འཇོག་མཁན་ཕྱོགས་གཅིག་
གིས་མིང་བསྒྱུར་ན་བུ་ལོན་འཇལ་བར་གནོད་དམ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་08ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་སོ་བདུན་པ། གན་རྒྱ་འཇོག་མཁན་ཕྱོགས་གཅིག་
གིས་མིང་བསྒྱུར་ན་བུ་ལོན་འཇལ་བར་གནོད་དམ།
གྱོད་གཞི། 
    ཞའོ་ཀྲང་གིས་མཉམ་ལས་ཁང་Aལ་དངུལ་བུན་གཡར་བ་མ་ཟད་དངུལ་བུན་གཏོང་ལེན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཅིང་། དུས་ཡུན་ལོ་3ཡིན་པ་རེད། མི་རིང་བར། མཉམ་ལས་ཁང་Aཡི་མིང་དེ་ཞིང་ཚོང་དངུལ་ཁང་Aདུ་བསྒྱུར། དངུལ་བུན་འཇལ་བའི་དུས་བཀག་སླེབས་རྗེས། ཞའོ་ཀྲང་གིས་མཉམ་ལས་ཁང་གི་མིང་དེ་ཚོང་ལས་དངུལ་ཁང་དུ་བསྒྱུར་ཚར་ཡོད་པས། སྔོན་ཆད་ཀྱི་དངུལ་བུན་གཏོང་མཁན་སྒྲིག་གཞི་མེད་པར་ཁ་གཡར་ནས་དངུལ་བུན་མི་འཇལ་བ་རེད། ཞའོ་ཀྲང་གི་རྒྱུ་མཚན་དེར་གཞི་ཚུགས་ས་ཡོད་དམ།
གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད། 
   གཞི་ཚུགས་ས་མེད། དམངས་དོན་ཁྲིམས་གཞུང་དོན་ཚན་ལྔ་བརྒྱ་སོ་གཉིས་པའི་ནང་གཏན་འབེབས་བྱས་དོན། གན་རྒྱར་ནུས་པ་ཐོན་རྗེས། དོ་བདག་གིས་རུས་མིང་དང་མིང་བསྒྱུར་པའམ་ཁྲིམས་བཀོད་འཐུས་པ་དང་། འགན་འཁུར་པ། སྒྲུབ་འགན་འཁུར་མི་བཅས་ལ་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་གན་རྒྱའི་འོས་འགན་མི་སྒྲུབ་པ་བྱས་མི་ཆོག