འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་6ཉིན།

༄༅།།རྒྱལ་ཁབ་འདིར་མི་བསད་པའི་དོན་རྐྱེན་ཐེངས་མང་བྱུང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་06ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཁབ་འདིར་མི་བསད་པའི་དོན་རྐྱེན་ཐེངས་མང་བྱུང་།
   མི་དམངས་དྲ་བའི་འཕྲིན། ཚེས་4ཉིན་ཁ་ན་ཏའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁབ་དེའི་དབུས་རྒྱུད་ཀྱི་ས་སི་ཁཱ་ཁྲེ་ཝུན་ཞིང་ཆེན་གྱི་ས་ཆ་མང་པོར་ཉིན་དེར་མི་ལ་མཚོན་གྱིས་སྣུན་པའི་དོན་རྐྱེན་བྱུང་ནས་མི་10རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་15ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད། ཉེན་རྟོག་པས་དོགས་ཡོད་ཉེས་ཅན་གཉིས་འདེད་འཛིན་བྱེད་བཞིན་ཡོད། 
   ཚེས་4ཉིན་ཁ་ན་ཏའི་གོང་མ་ཚང་གི་རྟ་དམག་ཉེན་རྟོག་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ས་གནས་དེ་གའི་དུས་ཚོད་ཆུ་ཚོད་5དང་སྐར་མ་40ནས་བཟུང་། ས་སི་ཁཱ་ཁྲེ་ཝུན་ཞིང་ཆེན་གྱི་ས་གནས་མང་པོའི་ཉེན་རྟོག་ཕྱོགས་ལ་གཅིག་རྗེས་གཉིས་མཐུད་ངང་མི་ལ་མཚོན་གྱིས་སྣུན་པའི་དོན་རྐྱེན་བྱུང་བའི་ཉེན་བརྡའི་ཁ་པར་འབྱོར་ཡོད་ཅེས་བཤད་པ་རེད། དེ་རྗེས་ཉེན་རྟོག་ཕྱོགས་ཀྱིས་ཞིང་ཆེན་དེའི་ས་གནས་13དུ་མི་10རྐྱེན་ལམ་དུ་ཤོར་བ་ཤེས་ལ། ད་དུང་ཉུང་མཐར་ཡང་རྨས་མ་15སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད་པ་རེད།
   བརྟག་དཔྱད་རགས་ཙམ་བྱས་པར་གཞིགས་ན། སྐྱེས་པ་གཉིས་པོས་འཇབ་རྒོལ་དེ་དག་སྤེལ་ནས་རླངས་འཁོར་བཏང་སྟེ་བྲོས་བྱོལ་བྱས། ཉེན་རྟོག་པས་དོགས་ཡོད་ཉེས་ཅན་འདེད་འཛིན་བྱེད་བཞིན་ཡོད། 
མིག་སྔར་ས་སི་ཁཱ་ཁྲེ་ཝུན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་སུ་ཉེན་བརྡ་བཏང་བ་དང་དེ་རྗེས་ཉེ་འཁོར་གྱི་མ་ཉི་ཐུའོ་པ་ཞིང་ཆེན་དང་ཨའེ་པོ་ཐ་ཞིང་ཆེན་ལའང་ཉེན་བརྡ་བཏང་བ་རེད། དོན་རྐྱེན་བྱུང་བའི་ས་ཁུལ་ཛ་དྲག་གི་རྣམ་པར་གནས་ཡོད།